དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱིས“གཤམ་འོག་ཏུ་དྲ་ཚུགས་སྤྱོད་པའི”ལས་ཀའི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-05

    ཉེ་ཆར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས“གཉིས་གཏོད་དཔེ་སྟོན”གཞུང་ལས་ཁང་གིས་གཙོ་འགན་འཁུར་བ་དང་། ལྷ་ས་མང་འདུས་ཀུན་གཏོད་བར་མཐོངས་དང་ཁའེ་ཕུའུ་དྲ་སྦྲེལ་ཚན་རྩལ་ཚད་ཡོད་ཀུང་སིས་སྒྲུབ་འགན་འཁུར་བའི“གཤམ་འོག་ཏུ་དྲ་ཚུགས་སྤྱོད་པའི”གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་བྱ་ཡུལ་ནི་གྲོང་ཁྱེར(ཐད་གཏོགས)གྱི་ཚན་པ་ཁག་དང་རྫོང(ཆུས)ཁག་གི་གསར་འགྱུར་དྲིལ་བསྒྲགས་དང་ཆ་འཕྲིན་བརྒྱུད་སྤྲོད་ཀྱི་འགན་འཁུར་མཁན་གྱི་ལས་དོན་མི་སྣ་ཡིན་པ་དང་། གསོ་སྦྱོང་བྱེད་དོན་ནི་ཚན་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྫོང(ཆུས)ཁག་གིས་ལྷ་ས་གྲོང་ཁྱེར་གྱི“གཉིས་གཏོད་དཔེ་སྟོན”ལས་ཀའི་འབྲེལ་ཡོད་གསར་འགྱུར་བློ་འདྲི་དང་སྲིད་ཇུས་ཆ་རྐྱེན་སོགས་ཀྱི་ནང་དོན་མྱོང་རོལ་ཧུར་ཐག་བྱ་རྒྱུར་འབོད་སྐུལ་བྱེད་པ་དང་འབྲེལ། ལས་གཏོད་པར“ལྷ་ས་གྲོང་ཁྱེར་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་ལས་གཏོད་གསར་གཏོད་རྟེན་གཞིའི་གྲོང་ཁྱེར་གྱི་དཔེ་སྟོན་དྲ་ཚུགས”ལས་སྟེགས་ཁྱབ་གདལ་གང་ལེགས་གཏོང་ཆེད་ཡིན་ཞིང་། གསོ་སྦྱོང་བྱེད་རིང་ཁའེ་ཕུའུ་དྲ་སྦྲེལ་ཚན་རྩལ་ཚད་ཡོད་ཀུང་སིའི་འཆད་ཁྲིད་དགེ་རྒན་གྱིས་གཤམ་དུ་དྲ་ཚུགས་སྤྱོད་ཐབས་དང་ཡིག་ཆ་རྩོམ་སྒྲིག་དང་དེ་བཞིན་བེད་སྤྱོད་བྱེད་རིང་གི་རྒྱུན་མཐོང་གནད་དོན་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་མ་ཟད། གསོ་སྦྱོང་སློབ་མས་བཏོན་པའི་གནད་དོན་ལ་ལན་རེ་རེ་བཞིན་བརྒྱབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།