དབུ་ཤོག>ཞིང་འབྲོག་གསར་པ།
  • “མཐུན་པ་སྤུན་བཞི”རྟགས་ཅན་ནས་ཀྱི་ཏན་ཞིམ་ལ་རྒྱལ་ཡོངས་ཀྱི་ལག་རྟགས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེ་མོའི་གསེར་གྱི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-03

    ཀྲུང་གོ་བོད་ལྗོངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གྲོལ་མ་ཐག་པའི་2017ལོའི“ཀོང་ཏ་ཤང་བུམ་པའི”རྒྱལ་ཡོངས་ཀྱི་ལག་རྟགས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཐེངས་དང་པོའི་ཐོག་ལྷ་སའི་ཆིང་ཧེ་གོ་བཟའ་བཅའ་ཚད་ཡོད་ཀུང་སིའི་མངའ་འོག་གི“མཐུན་པ་སྤུན་བཞི”རྟགས་ཅན་གྱི་གྲགས་ཅན་ཐོན་ཟོག་གཙོ་བོ“ནས་ཀྱི་ཏན་ཞིམ”དེ་འགྲན་ཞུགས་བརྩམས་ཆོས་མང་པོའི་ནང་གི་ཕུལ་དུ་བྱུང་བ་ཞིག་ཡིན་པས་འགྲན་བསྡུར་དེའི་གསེར་གྱི་བྱ་དགའ་ཐོབ་པ་རེད།

    ད་ཐེངས་ཀྱི་འགྲན་བསྡུར་ནི་ཀྲུང་གོ་བཟའ་བཅའ་བཟོ་ལས་ལྷན་ཚོགས་མེན་པའོ་ཏན་ཞིམ་ཆེད་ལས་ཨུ་ལྷན་དང་དེ་བཞིན་ཨ་རིའི་ཞིང་ལས་པུའི་གྲོ་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཏེ་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོའི་ཚད་གཞི་ལྟར་སྐར་གྲངས་དཔྱད་བསྡུར་བྱས་པ་དང་། ཐོན་ཟོག་གི་ཚོད་གཞི་དང་། དྲི་མ། བྲོ་བ། བཟོ་དབྱིབས། ཐུམ་སྒྲིལ། གསར་གཏོད་བྱེད་ཚད་སོགས་ཀྱི་ཐད་དཔྱད་བསྡུར་བྱས་པ་དང་། བྱ་དགའ་ཐོབ་པའི་ཐོན་ཟོག་གིས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་རང་རྒྱལ་གྱི་ལག་རྟགས་ཁྲོམ་རའི་ཐོག་གི་ཆུ་ཚད་མཐོ་ཤོས་མཚོན་གྱི་ཡོད། ས་མཐོའི་ས་གཙང་བདེ་ཐང་ཐོན་ལས་གྲས་ཤིག་ཡིན་པའི་ངོས་ནས། “ནས་ཀྱི་ཏན་ཞིམ”ལ་བྱ་དགའ་ཨང་དང་པོ་རག་པ་དེ་ཐོག་ནས་བོད་ཀྱི་བཟའ་བཅའི་རིགས་ཀྱི་ལག་རྟགས་བཟོ་བའི་ཆུ་ཚད་རྒྱལ་ནང་གི་རྩེར་སོན་ཆུ་ཚད་དུ་སླེབས་པ་མཚོན་པ་དང་ལས་རིགས་གཅིག་པའི་མི་སྣ་དང་འཛད་སྤྱོད་པའི་ཁས་ལེན་དང་དགའ་བསུ་ཐོབ་ཡོད།

    2013ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ཆུ་དང་། ས་རྒྱུ། མཁའ་རླུང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་བཅས“སྦགས་བཙོག་མེད་པ་བཞིའི”ཐོན་ཁུངས་ལེགས་ཆར་བརྟེན་ནས་ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་ཐག་བཅད་པ་རེད།

    ལོ་བཞི་ཙམ་སོང་རྗེས་ས་མཐོའི་ས་གཙང་བདེ་ཐང་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པ་དང་། “དག་ཞིང”ཞེས་པའི་ཆོས་ཚིག་དེར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དེང་འདིར་འཇིག་རྟེན་པས་དེང་རབས་ཀྱི་དོན་སྙིང་དང་འཚམ་པའི་འགྲེལ་བཤད་བརྒྱབ་ནས“ས་གཙང་བདེ་ཐང་ཐོན་ཟོག”དེ་གངས་ལྗོངས་ས་མཐོར་དམིགས་སུ་ཡོད་པའི་ལྗང་མདོག་སྤུས་རྟགས་སུ་གྱུར་བ་དང་བོད་ཀྱི་ཁྱད་ཆོས་མཚོན་པའི་མིང་ཤོག་ཅིག་གཏོད་བཞིན་ཡོད། “ནས་ཀྱི་ཏན་ཞིམ”ལ་བྱ་དགའ་ཐོབ་པ་ལས་ས་མཐོའི་ས་གཙང་བདེ་ཐང་ཐོན་ལས་བོད་ནས་ཕྱིར་སྐྱོད་པ་དང་གསར་གཏོད་དང་རྩེར་སོན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་དང་། དུས་རབས་དང་དར་སྲོལ་དང་འཚམ་པ་དང་ནང་ས་དང་རྒྱལ་སྤྱིའི་ཁྲོམ་ར་དང་སྦྲེལ་མཐུད་ཐུབ་པ་མཚོན་པས་དར་རྒྱས་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསུ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།