དབུ་ཤོག>ཞིང་འབྲོག་གསར་པ།
  • ​རང་འཁྲིའི་ལས་ཀ་ཡག་པོ་བྱ་རྒྱུ་ནི་འགོ་འཛུགས་ས་ཞིག་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-31

    “ལས་རིགས་མི་གཅིག་སུམ་བརྒྱ་དྲུག་བཅུ་ནས།འཇོན་ཐང་ཅན་གྱི་མི་སྣ་སྣ་ཚོགས་ཐོན་”“ལས་རིགས་གཅིག་ནང་ཞུགས་ནས་ལས་རིགས་དེར་དགའ་ཞེན་བྱེད་པའི་”བསམ་བློ་བརྟན་པོ་འཛུགས་དགོས།ལས་རིགས་ཚང་མ་ནི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་རིགས་ཡིན་པ་དང་ལས་གནས་ཚང་མ་ནི་མི་སྒེར་གོང་འཕེལ་གཏོང་བའི་འགོ་འཛུགས་ས་ཞིག་ཡིན།སེམས་བརྣལ་དུ་ཕབ་ནས་ལས་དོན་སྒྲུབ་དགོས།གྲོང་ཁྱེར་གྱི་ལས་ཞུགས་འགྲན་རྩོད་ཧ་ཅང་ཛ་དྲག་པོ་ཡོད་པ་དང་ལས་ཀ་གཅིག་འཚོལ་བར་ཧ་ཅང་དཀའ་ལས་ཁག་པོ་ཡོད།ལས་ཞུགས་ཀྱི་གོ་སྐབས་ལ་གཅེས་འཛིན་གང་ལེགས་བྱས་ནས་བློ་གཅིག་སེམས་གཅིག་ངང་ལས་ལ་ཞུགས་དགོས།“རི་གཅིག་ལས་གཅིག་མཐོ་བ་ལྟར་”འདི་གའི་ལས་ཀ་རྒྱུས་མངའ་མ་ལོན་གོང་ཚང་པ་གཞན་ཞིག་ཏུ་སྒྱུར་རྒྱུའི་བསམ་བློ་གཏོང་རྒྱུ་མེད།རང་གིས་རང་ལ་ཡིད་ཆེས་བྱེད་པའི་བསམ་བློ་ལྡན་དགོས།གྲོང་ཁྱེར་ནང་གི་མིས་ཡག་པོ་སྒྲུབ་ཐུབ་པའི་བྱ་བ་དེ་གྲོང་ཁྱེར་དུ་ལས་ཀ་འཚོལ་བར་འགྲོ་མཁན་ལས་ཞུགས་མི་སྣས་ཀྱང་གཅིག་མཚུངས་ཐོག་ཡག་པོ་སྒྲུབ་ཐུབ་པ་ཞིག་ཡིན།རང་ཉིད་གཞན་ལས་དམའ་བ་ཡོད་པའི་བསམ་བློའི་ཁྱེར་སོ་དེ་དག་མེད་པ་བཟོས་ནས་དཀའ་ངལ་ལ་ཁ་ཕྱོགས་ཕོད་པ་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ལས་ཀའི་འགྲན་སློང་གསར་པ་བསུ་དགོས།རང་འཁྲིའི་ལས་ཀ་གང་མགྱོགས་རྒྱུས་མངའ་ཡོང་བ་བྱེད་དགོས།ལས་ཀ་བྱེད་རིང་ཕྱོགས་གཅིག་ནས་ལས་ཀ་བྱེད་པ་དང་གཅིག་ཤོས་ནས་སློབ་སྦྱོང་བྱེད་པ་དང་།རྟོག་ཞིབ་ཞིབ་ཚགས་བྱེད་པ།བསམ་བློ་མང་ཙམ་གཏོང་བ་དང་མང་ཙམ་འདྲི་བ།སེམས་ཆུང་ངང་གཞན་ལ་སྐད་ཆ་འདྲི་བ།ཉམས་མྱོང་གསོག་འཇོག་བཅས་ལ་དོ་སྣང་བྱེད་དགོས།བྱ་བ་སྒྲུབ་བསམ་པའི་མི་ཞིག་བྱས་ནས་སློབ་སྦྱོང་བྱེད་མཁས་པོ་བྱས་ཚེ་ལས་ཀའི་འགག་རྩ་རྣམས་གང་མྱུར་ཁོང་དུ་ཆུད་ཐུབ།ལས་རིགས་ཀྱི་འགན་འཁྲིའི་འདུ་ཤེས་འཛུགས་དགོས།ཚད་མཐོའི་འགན་འཁྲིའི་བསམ་པར་བརྟེན་ནས་ལས་ཀ་བྱེད་པ་དང་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ལེགས་གྲུབ་བྱེད་དགོས།མི་གཅིག་གི་མི་ཚེའི་ནང་ལས་གནས་ཀྱི་འགྱུར་བ་མང་པོ་ཡོང་སྲིད།འོན་ཀྱང་ལས་གནས་གང་རུང་ཞིག་གི་ཐོག་ཉིན་གཅིག་ལས་ཀ་བྱས་ཚེ་ཧ་ཅང་འགན་འཁུར་བའི་རྣམ་པའི་ཐོག་ནས་ཉིན་གཅིག་གི་ལས་ཀ་དེ་ནན་ཏན་ངང་སྒྲུབ་དགོས།ལུས་སེམས་ཡོད་དོ་ཅོག་ལས་ཀའི་ནང་བཞག་ཚེ་ལག་ལེན་བརྒྱུད་དེ་གཞི་ནས་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐུབ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།