ཚེས་26ཉིན་ཞིང་ལས་པུས་ཧའེ་ནན་ཞིང་ཆེན་ཧའེ་ཁོའུ་གྲོང་ཁྱེར་དུ་ས་རྒོད་གསར་སྦོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ས་གནས་ས་ཐོག་གི་སྐུལ་འདེད་ཚོགས་འདུ་འཚོགས་ཤིང་། ཞིང་ལས་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས“འདི་ནི་ས་གནས་ས་ཐོག་གི་ཚོགས་འདུ་དང་སྤེལ་རེས་ཚོགས་འདུ་ཞིག་ཡིན་ལ་བཀོད་གཏོང་ཚོགས་འདུ་དང་སྐུལ་འདེད་ཀྱི་ཚོགས་འདུ་ཞིག་ཀྱང་ཡིན”ཞེས་གསུངས་ཤིང་། ད་ཐེངས་ཀྱི་ཚོགས་འདུ་ནི་ཧའེ་ནན་གྱི་ས་རྒོད་གསར་སྦོལ་སྒྱུར་བཅོས་ཀྱི་ཉམས་མྱོང་དང་བྱེད་ཐབས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པ་བརྒྱུད། རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་སྒྱུར་བཅོས་ལས་དོན་ལ་སླར་ཡང་བཀོད་སྒྲིག་བྱས་ནས་ས་རྒོད་གསར་སྦོལ་སྒྱུར་བཅོས་ཀྱི་འཕེལ་རིམ་མགྱོགས་སུ་བཏང་སྟེ་དུས་བཀག་ནང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་ལེགས་སྒྲུབ་བྱ་ཆེད་ཡིན་པ་རེད།
ཧན་ཁྲང་ཧྥུའུ་ཡིས་རྒྱལ་ཡོངས་ཀྱི་ས་རྒོད་གསར་སྦོལ་ནས་བལྟས་ན། མིག་སྔར་ཞིང་ཆེན(གྲོང་ཁྱེར་དང་ཆུས)21གིས་ཀྲུང་དབྱང་གི་ཡིག་ཆ་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བསམ་འཆར་བཏོན་ནས་སྤྱི་ཚོགས་ཀྱི་འགན་ནུས་སྒྲུབ་པའི་སྒྱུར་བཅོས་དང་ས་ཆའི་དབང་ཆ་ཁས་ལེན་གྱི་ཐོ་འགོད་ལག་ཁྱེར་སྤྲོད་པ་སོགས་ལེ་ལག་ཚང་བའི་ཡིག་ཆ་གཅིག་རྗེས་གཉིས་མཐུད་ངང་པར་འགྲེམས་བྱས་ཏེ་འགན་འཁྲི་དོན་འཁྱོལ་དང་ལྟ་ཞིབ་ལྟ་སྐུལ་གྱི་ལམ་སྲོལ་རིམ་གྱིས་བཙུགས་ཡོད་ཅེས་གསུངས།
ཧའེ་ནན་ས་རྒོད་གསར་སྦོལ་ཏུང་ཁྲང་ཞིང་རར་སྐྱོད་སྐབས། ན་ནིང་བཙུགས་པའི“ཏུང་ཁྲང་ཁང་”ནི་ཧའེ་ཁོའུ་གྲོང་ཁྱེར་ཏ་པོའོ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་ཞིང་རའི་སྤྱི་ཚོགས་དོ་དམ་གྱི་ཁོངས་གཏོགས་ས་ཆའི་སྒྲིག་གཞི་ཞིག་ཡིན། ད་ཆ་དེ་སྔའི་ཏུང་ཁྲང་ཞིང་རའི་རྣམ་གྲངས་ཆེ་གྲས་20ལྷག་ཙམ་གྱི་རྣམ་གྲངས་ཆུང་ངུ་བརྒྱ་གྲངས་ཀྱི་སྤྱི་ཚོགས་འགན་ནུས་དང་དེ་བཞིན་སྤྱི་པའི་ཞབས་ཞུའི་འགན་འཁུར་བཞིན་ཡོད། མིག་སྔའི་བར་ཧའེ་ནན་ས་རྒོད་གསར་སྦོལ་ཁུལ་དུ“ཁང”80ལྷག་ཙམ་སྔ་ཕྱིར་བཙུགས་ནས་ཞིང་རར“ཁང”འཛུགས་རྒྱུ་དེ་ཚང་མར་ཁྱབ་ཡོད། གསར་དུ་བཙུགས་པའི་ཁང་དེ་དག་གིས་གཅིག་འཐུས་རྣམ་པའི་སྤྱི་ཚོགས་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པས་ཞིང་རའི་ལས་བཟོར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།
“ཧའེ་ནན་ཞིང་ཆེན་གྱིས་ཞིང་རར་ཁང་འཛུགས་པའི་སྒྱུར་བཅོས་བྱེད་ཐབས་འཚོལ་ཞིབ་དང་ཐོག་མར་གསར་གཏོད་བྱས་ཏེ་གསར་གཏོད་ཀྱི་བྱེད་ཐབས་ཐོག་ནས་གཞུང་བཙུགས་ཞིང་རའི་སྲིད་གཞུང་དང་ཁེ་ལས་དབར་དང་སྤྱི་ཚོགས་དང་ཁེ་ལས་དབར་གྱི་འབྲེལ་བ་ལེགས་སུ་ཕྱིན་ནས་སྒྱུར་བཅོས་མ་གནས་ཆུང་ཡང་སྒྱུར་བཅོས་ཀྱི་ཕན་འབྲས་ལེགས་པའི་སྔོན་དཔག་དམིགས་ཚད་མངོན་འགྱུར་བྱུང་ཡོད། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་། སྔོན་དུ་བྱེད་ཕོད་པ། བློ་་སྟོབས་ཆེན་པོས་འགག་གནད་སྒྲོལ་བའི་སྙིང་སྟོབས་ལ་ཁས་ལེན་དང་དཔྱད་གཞིར་འཛིན་འོས་པ་ཞིག་འདུག”ཅེས་གསུངས། ཁོང་གིས་གསར་སྦོལ་ས་ཁུལ་ཁག་གིས་སྒྱུར་བཅོས་རྩིས་ཐོ་བཟོས་ནས་སྤྱི་ཚོགས་འགན་ནུས་སྒྲུབ་པའི་སྒྲིག་གཞིའི་རྩིས་ཐོ་དུས་ཚོད་དམ་འཛིན་གྱིས་བཟོས་ཏེ་འདི་ལོའི་ལོ་སྟོད་དུ་སྒྱུར་བཅོས་ཀྱི་འཆར་འགོད་རི་མོ་དང་དུས་ཚོད་རེའུ་མིག་གསལ་པོ་བཟོ་བ་དང་འབྲེལ་འགན་ནུས་སུས་སྒྲུབ་དགོས་པ་དང་། སྒྲིག་གཞིར་གང་འདྲ་བྱས་ཏེ་སྐྱེལ་བ། མི་སྣ་གང་དུ་གཏོང་དགོས་པ་བཅས་ཚང་མ་གསལ་པོ་བཟོས་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།