
སྣང་རྫོང་དུང་དཀར་གྲོང་རྡལ་དགོན་གྲོང་ཚོའི་གྲོང་མི་ཕུན་ཚོགས་ཚེ་རིང་ནས་སི་པན་འཐོག་བཞིན་པ།
ཐུན་མོང་མ་ཡིན་པའི་ས་རྒྱུ་དང་གནམ་གཤིས་སོགས་རྒྱུ་རྐྱེན་དབང་གིས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་ནས་ཐོན་པའི་སི་པན་ལ་གཞན་དང་མི་འདྲ་བའི་བྲོ་བ་དང་སྤུས་ལེགས་ལྡན་པས་ཁྲོམ་རའི་ཐོག་བྲིན་ཁ་ཧ་ཅང་རྒྱུགས་པོ་ཡོད། དེར་བརྟེན་དུང་དཀར་གྲོང་རྡལ་གྱིས་ཁྲོམ་རའི་གོ་སྐབས་དང་བསྟུན་ནས་སི་པན་འདེབས་འཛུགས་ཤུགས་ཆེན་སྤེལ་བཞིན་ཡོད་པ་རེད། ཉེ་དུས། དུང་དཀར་གྲོང་རྡལ་དགོན་གྲོང་ཚོའི་དུས་མིན་སི་པན་ལོ་ལེགས་བྱུང་ནས་དྲོད་ཁང་ ༣༠ ལྷག་གི་སི་པན་དུས་གཅིག་ཏུ་སྨིན་པ་དང་། དྲོད་ཁང་རེ་ནས་སི་པན་སོས་པ་རྒྱ་མ ༥༠ གཡས་གཡོན་ཐོན་གྱི་ཡོད་པ་དང་ཁྲོམ་རའི་གོང་ཚད་རྒྱ་མ་རེར་སྒོར ༢༠ རག་གི་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། སི་པན་བཙོང་ས་གཙོ་བོ་སྣང་རྫོང་དང་ཉིང་ཁྲི་གྲོང་ཁྱེར་སོགས་ཡིན་པ་དང་། སྔོན་དཔགས་ལྟར་ན་ལོ་རེར་ས་གནས་དེ་གའི་མང་ཚོགས་ལ་དངུལ་སྨར་ཡོང་འབབ་ཁྲི ༣ ལྷག་ཟིན་གྱི་ཡོད།།