དབུ་ཤོག>ཞིང་འབྲོག་གསར་པ།
  • གནས་ཡུལ་ལུང་གཞུང“ནོར་གཞོང”དུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-24

    སྒྱུར་བཅོས་སྒོ་འབྱེད་མ་བྱས་གོང་གནས་ཡུལ་ལུང་གཞུང་གི་རི་རྩེར་གངས་འཁྱགས་ཀྱིས་བསྡམས་པ་དང་། རི་སྐེད་དུ་ཤིང་ནགས་ཀྱིས་ཁེངས་པ། རི་གཤམ་དུ་རྩྭ་ངན་གང་སར་སྐྱེས་ཡོད། གནས་ཡུལ་ལུང་གཞུང་ལ་སྨན་རྩྭའི་ཡུལ་དང་། གངས་ལྗོངས་ཀྱི་མེ་ཏོག་ལྡུམ་ར། ཚ་གཡོལ་གནས་མཆོག་ལ་སོཌ་པའི་མཚན་སྙན་ལྡན་མོད། འོན་ཀྱང་རང་བྱུང་དཔལ་འབྱོར་གྱི་ལོ་རབས་སུ་ལུང་གཞུང་དེར་རིན་ཐང་གང་ཡང་མེད་ཅིང་། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་ཤར་གཏོང་མི་ཐུབ་པ། ས་རྒྱུ་ཞན་པས་མི་ཚོས་དཀའ་སྤྱད་ངང་རྨོ་འདེབས་བྱས་ནའང་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་200ལས་ཡོང་གི་མེད་པས་མི་རྣམས་ཀྱིས་ཡུལ་དེར་དགའ་པོ་བྱེད་ཀྱི་མེད། སྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་ཁྲོམ་རའི་དཔལ་འབྱོར་གྱི་དཔྱིད་རླུང་གནས་ཡུལ་ལུང་གཞུང་དུ་ལྡང་བའི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྒྱུན་ཆད་མེད་པར་ལྟ་སྐོར་དུ་བསྐྱོད་པས་འཁྲུག་ཆ་དོད་པར་གྱུར། གནས་ཡུལ་ལུང་གཞུང་གི་དངོས་ཡོད་རིན་ཐང་མངོན་པ་དང་མི་རབས་ནས་མི་རབས་བར་གནས་ཡུལ་ལུང་གཞུང་དུ་འཚོ་སྡོད་བྱེད་པའི་ལྷོ་པ་མི་རིགས་ཀྱི་མང་ཚོགས་ཚོས་གནས་ཡུལ་ལུང་གཞུང“ནོར་གཞོང”ཞིག་ཡིན་པ་གཞི་ནས་ཤེས།

    གནས་ཡུལ་ལུང་གཞུང་གི་ཡུལ་སྐོར་དང་སྨན་རྩྭའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་བྱས་ཏེ་ལྷོ་པ་མི་རིཌ་ཀྱི་མང་ཚོཌ་ཀྱིས་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་ཆེད། རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་ཨར་འདམ་གཞུང་ལམ་བཟོས་པ་དང་གནས་ཡུལ་མཛེས་ལྗོངས་ཁུལ་གསར་སྐྲུན་བྱས་ཤིང་། ཉིང་ཁྱུང་གཞུང་ལམ་འགྲམ་དུ་གྲོང་ཚོ་གསར་པ་བསྐྲུན་ནས་མི་རབས་ནས་མི་རབས་བར་གནས་ཡུལ་ལུང་གཞུང་དུ་སྡོད་པའི་ལྷོ་པ་མི་རིཌ་ཀྱི་མང་ཚོགས་གྲོང་ཚོ་གསར་པར་སྤོས། མིག་སྔར་གནས་ཡུལ་ལུང་གཞུང་་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་གྱུར་ཡོད།

    ཞིང་འབྲོག་པས་མི་རིགས་ལག་ཤེས་བཟོ་རྩལ་དང་ལྷོ་པའི་དམིགས་བསལ་བཏུང་བྱ་གསར་སྤེལ་ལ་ཁྲིད་སྟོན་ཧུར་ཐག་བྱས་ཤིང་། མིག་སྔར་ལྷོ་པའི་མི་རིགས་ཀྱི་རྒྱན་གོས་དང་། སྨྱུག་བསླས་རྒྱན་ཆ། ལྷོ་པའི་ཞོ་སོགས་སྣ་ཁ་བཅུ་ལྷག་ཙམ་གསར་སྤེལ་བྱས་ཟིན་ནས་བཟོ་ཁང་གཙོ་བོར་བྱེད་པ་དང་ཁྱིམ་ཚང་རྣམ་པའི་བཟོ་ཁང་ཞོར་དུ་གཉེར་བའི་ཐོན་སྐྱེད་བྱེད་སྟངས་ཤིག་རགས་ཙམ་ཆགས་ཡོད། ཁྱུང་གླིང་གྲོང་ཚོའི་གྲོང་མི་ཟླ་པོས་མཛེས་ལྗོངས་ཁུལ་དུ་ལྷོ་པ་རིགས་ཀྱི་ཚོ་པའི་གྲོང་ཚོ་ཞིག་བསྐྲུན་ནས་ལྷོ་པ་རིགས་ཀྱི་མི་དམངས་ཀྱི་འཚོ་བ་དང་། ཐོན་སྐྱེད་ཡོ་ཆས། རིག་གནས་དང་རྒྱན་ཆ་སོགས་འགྲེམས་སྟོན་བྱེད་པ་མ་ཟད་ཡུལ་སྐོར་དང་མི་རིགས་ལག་ཤེས་བཟོ་རྩལ་ཀྱང་ཞོར་དུ་གཉེར་གྱི་ཡོད་པས་ལོ་རེར་འགྲུལ་པ་མི་ཐེངས་8000ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་རག་གི་ཡོད། 2015ལོར་ཤང་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ལ་ཡུལ་སྐོར་ཡོང་འབབ་ནས་མི་རེར་ཆ་སྙོམས་དངུལ་སྨར་སྒོར་3400རག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།