རྒྱལ་ཡོངས་ཀྱི་ཀ་ར་དང་ཨ་རག་ཚོང་འདུས་ནི་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིར་སྐད་གྲགས་ཡོད་པའི་འགྲེམས་ཚོགས་ཆེ་གྲས་ཤིག་ཡིན་པས་དོ་ཁུར་ཆེན་པོ་ཐོབ་ཀྱི་ཡོད། ཚེས་20ཉིན་གསར་འགོད་པས་རང་སྐྱོང་ལྗོངས་ཁྱད་ལྡན་ཐོན་རྫས་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོའི་སྐབས་96པའི་ཀ་ར་དང་ཨ་རག་ཚོང་འདུས་ཟླ་3ཚེས་23ཉིན་ཁྲེང་ཏུར་གཉེར་རྒྱུ་ཡིན་ཞིང་། རང་ལྗོངས་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་འགྲེམས་ཚོགས་ནང་ཞུགས་རྒྱུ་དང་འགྲེམས་ཚོགས་ནང་ཁེ་ལས་ཁྱོན་17ཞུགས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་བརྒྱ་གྲངས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།
བོད་རང་སྐྱོང་ལྗོངས་ཁྱད་ལྡན་ཐོན་རྫས་ལས་རིགས་མཐུན་ཚོགས་ཀྱི་དྲུང་ཆེ་ཧུའུ་ཀྲི་ཡུང་གིས་ངོ་སྤྲོད་བྱས་དོན། འདི་ལོ་རང་ལྗོངས་ནས་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་17ཡོད་པ་དེ་དག་ནི་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་ཡོང་བ་དང་། འགྲེམས་སྟོན་བྱ་རྒྱུའི་ཐོན་རྫས་ནང་རང་བྱུང་འཐུང་ཆུ་དང་། སྦྲང་རྩི། སྤོས། ནས་ཀྱི་ཐོན་རྫས། འབྲིའི་དཀར་ཆུའི་ཐོན་རྫས། ཚགས་ཤའི་ཐོན་རྫས་སོགས་ཚུད་ཡོད། ཧུའུ་ཀྲི་ཡུང་གིས“འདི་ལོ་གན་རྒྱ་བཞག་པའི་མ་དངུལ་ན་ནིང་ལས་ཅུང་ཙམ་འཕར་ནས་སྒོར་དུང་ཕྱུར་1.8ཟིན་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།