དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱིས་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-20

    དམངས་ལ་ཞབས་ཞུ་དང་། དམངས་འཚོ་ལེགས་བཅོས། དམངས་འཚོ་འགན་ལེན་བཅས་ཀྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱ་ཆེད། ཉེ་ཆར་ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱིས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང“ལས་རིགས་བཞིའི་གཞུང་དོན་ཁང”དང་མཉམ་དུ་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུས་བཞི་བཀྲ་ཤིས་གྲོང་ཚོར་བསྐྱོད་ནས་མི་སྤྱི་ཅུས་ཀྱི་སྲིད་ཇུས་ཁག་གཅིག་སྡུད་དྲིལ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཆུ་ཤུར་རྫོང་མི་སྤྱི་ཅུས་ཀྱིས་དྲིལ་བསྒྲགས་ཀྱི་བློ་འདྲི་བྱ་ཡུལ་སྐྲུན་པ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ལ་བརྟེན་ནས་ལས་ཞུགས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་ཐབས་ལམ། འགན་བཅོལ་ཁག་ལ་ཞུགས་པའི་ཁྱབ་ཁོངས། འགལ་བཅོལ་ལ་ཞུགས་སྐབས་ཐོ་འགོད་བྱེད་སྟངས། སྲིད་གཞུང་གི་ཁ་གསབ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་རིགས་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་བྱས་པ་མ་ཟད། ད་དུང་མང་ཚོགས་ཀྱི་དོགས་གནད་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་ནས་བསལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།