དབུ་ཤོག>ཞིང་འབྲོག་གསར་པ།
  • དངུལ་རྩས་གནད་སྨིན་དབུལ་སྒྲོལ་ལ་རོགས་རམ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-18

    ད་ཕན་ལོ་ཤས་ནང་། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དམིགས་ཚད་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས་དངུལ་རྩའི་སྒྲིག་གཞི་ཁག་སྐུལ་སློང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་དང་རང་འགུལ་ངང་སྦྲེལ་མཐུད་དང་དངུལ་རྩའི“འདེགས་སྐྱོར”ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རོགས་རམ་ཤུགས་ཆེན་བྱས་པས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    “2016ལོར། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་རྩའི་དབུལ་སྐྱོར་ལས་དོན་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་པའི་ནང་། ཆེས་མངོན་གསལ་དོད་ཤོས་ནི་ཀུན་ཁྱབ་གསུམ་ཡིན”ཞེས་ཉིང་ཁྲི་གྲོང་ཁྱེར་དངུལ་རྩའི་དབུལ་སྐྱོར་གཞུང་ལས་ཁང་གི་ཝུའུ་ཆན་ཁུན་གྱིས་གསར་འགོད་པར་བཤད།

    ལག་ཁྱེར་ཚང་མར་སྤྲད་པ། 2016ལོར་ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཞིང་ལས་དངུལ་ཁང་ཉིང་ཁྲི་ཡན་ལག་དངུལ་ཁང་ལ་ལྟ་སྐུལ་སློབ་སྟོན་ཧུར་ཐག་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་གྱི་དུད་ཚང་6636ལ་དབུལ་པོའི་དུད་ཚང་གི་ཡིག་ཚགས་དང་གཱ་བཟོས་པ་དང་། གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་གྱི་ལག་ཁྱེར་སྤྲོད་རྒྱུའི་ཆ་རྐྱེན་དང་འཚམ་པའི་དབུལ་པོའི་དུད་ཚང་5493ཚང་མར་གནད་སྨིན་དབུལ་སྐྱོར་གྱི་གྲངས་ཉུང་དངུལ་བུན་གྱི་ལག་ཁྱེར་སྤྲད་ཡོད།

    དབུལ་སྐྱོར་དྲིལ་བསྒྲགས་ཚང་མར་ཁྱབ་པ། རྫོང་ཁག་གི་དབུལ་སྐྱོར་སྡེ་ཚན་དང་། ཤང(གྲོང་རྡལ)སྲིད་གཞུང་། ལས་གཉེར་ཁང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོའི་དུད་ཚང་ཚང་མ་བཅས་ལ་དངུལ་རྩའི་དབུལ་སྐྱོར་གྱི་དྲིལ་བསྒྲགས་ལོ་ཐོ་སྤྲད་པས་དངུལ་རྩའི་དབུལ་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་ཚང་མར་ཁྱབ་ཡོད།

    ཞིང་རོགས་དངུལ་ལེན་གྱི་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་པ། ལོ་གཅིག་གི་འབད་བརྩོན་བརྒྱུད། ཉིང་ཁྲི་གྲོང་ཁྱེར་གྱི་རྒྱལ་ལམ་318ལམ་རྒྱུད་ཀྱི་ཤང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་ཞིང་རོགས་དངུལ་ལེན་གྱི་ཞབས་ཞུའི་ས་ཚིགས་ཚང་མར་ཁྱབ་ཡོད་པ་རེད།

    བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་དབུལ་སྐྱོར་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”སེལ་བའི་ལས་དོན་ཡག་པོ་བསྒྲུབས་ཡོད། 2016ལོར། ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གི་ལས་དོན་མི་སྣས་ལས་ཀའི་དུས་ཚོད་ཉིན་100ལྷག་ཙམ་སྤྱད་ནས་ལམ་ཐག་སྤྱི་ལེ་6500ལྷག་ཙམ་བསྐྱོད་དེ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང(ཆུས)7གྱི་ཤང་གྲོང་རྡལ་38ལ་གནད་སྨིན་དབུལ་སྐྱོར་གྱི་བརྟག་ཞིབ་ལས་དོན་སྤེལ་བ་དང་། དངུལ་རྩའི་གནད་སྨིན་དབུལ་སྐྱོར་གྱི་ཚོད་ལྟའི་རྫོང་དང། དཔེ་སྟོན་གྲོང་ཚོ། དཔེ་སྟོན་ས་ཚིགས་བཅས་ཀྱི་ལས་དོན་འཚོལ་ཞིབ་བྱས་ནས་སྤེལ་ཞིང་། རིམ་རྩིས་བྱས་ན། དངུལ་རྩའི་སྒྲིག་གཞི་ཁག་ཏུ་བསྐྱོད་དེ་ལྟ་སྐུལ་སློབ་སྟོན་ཐེངས་35བྱས་ཡོད་པ་རེད།

    ཀྲུང་གོ་མི་དམངས་དངུལ་ཁང་ཉིང་ཁྲི་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཉིང་ཁྲི་གྲོང་ཁྱེར་གྱི་2016ལོའི་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་དབར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་དངུལ་རྩས་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱས་ནས“ཁག་དང་པོ་གསུམ”གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་83དང་ཚོང་ལས་དངུལ་ཁང་7དབར་དངུལ་བུན་གྲོས་མཐུན་དང་། ཡིད་རྟོན་གྲོས་མཐུན། གསོ་སྦྱོང་གྲོས་མཐུན་བཅས་ལ་མིང་རྟགས་བཀོད་ཅིང་། མིང་རྟགས་བཀོད་པའི་དངུལ་གྲངས་སྒོར་དུང་ཕྱུར་3.87ཟིན་ཡོད། 2016ལོའི་ལོ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིས་ཁེ་ལས་24ལ་དངུལ་བུན་སྒོར་དུང་ཕྱུར་4.42བཏང་བ་དེ་གྲོས་མཐུན་བཞག་པའི་དངུལ་གྲངས་ཀྱི་14%ལས་བརྒལ་ཡོད་པ་རེད།

    ཉིང་ཁྲི་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིས་ཡོངས་ཕན་དངུལ་རྩ་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། 2016ལོའི་ལོ་མཇུག་བར། ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་58.23ཟིན་པ་དེ་དུས་མཚུང་ལས་10.62%འཕར་བའི་ནང་། དབུལ་སྐྱོར་སྐྱེད་སྦྱར་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་28.98དང་ཞིང་འབྲོག་དུད་ཀྱི་གྲངས་ཉུང་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་9ཟིན་ཡོད་པ་རེད།

    དངུལ་སིལ་མ་སྤྲོད་པ་དང་། རལ་བའི་མི་དམངས་ཤོག་སྒོར་ཚུར་བསྡུ་བ། མི་དམངས་ཤོག་སྒོར་རྫུན་མར་ངོ་རྒོལ། དངུལ་རྩའི་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་བཅས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད། ལོ་ཧྲིལ་པོར་སྒོར་ཉི་ཤུ་མན་གྱི་དངུལ་སིལ་མ་སྒོར་ཁྲི་9275སྤྲད་པ་དང་རལ་བའི་མི་དམངས་ཤོག་སྒོར་དུང་ཕྱུར་5.96ཚུར་བསྡུས་ནས་རང་སྐྱོང་ལྗོངས་ཀྱིས་གཤམ་ལ་སྤྲད་པའི་ལས་འགན་ལེགས་སྒྲུབ་བྱེད་ཚད་112%ཟིན་པ་དང་དངུལ་རྫུན་མ་སྒོར་ཁྲི་7.22གཞུང་བཞེས་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།