དབུ་ཤོག>ཞིང་འབྲོག་གསར་པ།
  • བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་གྱིས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་དབུལ་སྒྲོལ་དཀའ་གནད་སེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-17

    ཉེ་བའི་ལོ་ཤས་རིང་། བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“ལུང་གཞུང་དཔལ་འབྱོར་གྱིས་སྣེ་ཁྲིད་པའི”དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བསམ་ཕྱོགས་གཏན་འཁེལ་བྱས་ཏེ་སྔ་རྗེས་སུ་མ་དངུལ་ཁྲི་6000ལྷག་ཙམ་མཐུན་སྦྱོར་བྱས་ནས་གྲོང་ཚོ(གྲོང་ལྷན)10རུ་མཉམ་སྡེབ་དཔལ་འབྱོར་བཙུགས་པར་ལོར་འབབ་འཕར་སྒོར་ཁྲི་800ལྷག་ཙམ་བྱུང་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་126སྣེ་ཁྲིད་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གཡབ་རྫོང་དབྱེན་འདུམ་གྲོང་རྡལ་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ཁོངས་མིས་མཉམ་དུ་འགོ་ཁྲིད་པའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་བཙུགས་པའི་དམིགས་ཡུལ་ནི་གྲོང་ཚོ་ཁག་གི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་འགོ་ཁྲིད་གནད་ལ་འཁེལ་བ་དང་། ལས་ཀའི་སྒྲིག་གཞི་གནད་ལ་འཁེལ་བ། ལས་དོན་མི་སྣ་གནད་ལ་འཁེལ་བ་བཅས་བྱ་རྒྱུ་དེ་རེད། དེ་དང་དུས་མཚུངས་ཤང(གྲོང་རྡལ)གི་འགོ་ཁྲིད་དང་འབྲེལ་བའི་ལམ་ལུགས་ལག་བསྟར་བྱས་ཏེ་མི་རེ་རེ་དང་འབྲེལ་བའི་འགན་འཁྲི་ཁ་གསལ་བཟོས་ནས་མི་རེས་ཁྱད་ལྡན་ཐོན་ལས་རེར་གཙོ་གནད་རོགས་སྐྱོར་བྱས་པ་རེད། གྲོང་ཚོ་རེར་ཚན་རྩལ་ཆེད་མངགས་པ་བཏང་ནས་འཆར་འགོད་དང་། ལྗང་གསོ། འདེབས་འཛུགས། དོ་དམ། ནད་འབུ་འགོག་བཅོས་སོགས་ལྷུ་ཚིགས་ཁག་ཏུ་དོ་དམ་བྱེད་མཁན་ཡོད་པ་དང་། རྩིས་ལེན་མཁན་ཡོད་པ། མིང་རྟགས་འགོད་མཁན་ཡོད་པ། འགན་འཁུར་མཁན་ཡོད་པ་རེད། ལས་འགན་ལེགས་སྒྲུབ་བྱས་པའི་གྲོང་ཚོ(ཨུ་ལྷན)དང་། ཕྱུག་འགྱུར་སྣེ་ཁྲིད་པ། ཚན་རྩལ་ཆེད་མངགས་པ་སོགས་ལ་བྱ་དགའ་སྤྲད་པ། མ་འཇོག་རྐང་ཞུགས་དང་། ལག་རྩལ་མཛུབ་ཁྲིད། མ་དངུལ་བསྡུ་སྒྲིལ་སོགས་ཀྱི་བྱེད་སྟངས་གང་ལེགས་སྤྱད་དེ་དགེ་མཚན་ལྡན་པའི་ཆ་རྐྱེན་སྣ་ཚོགས་སྤྱད་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཞུགས་ཏེ་ཁྲལ་བསྡུ་སོགས་ཉུང་འཕྲི་དང་རྩ་ཆག་འོས་འཚམ་གཏོང་རྒྱུའི་འབོད་སྐུལ་དང་སྐུལ་ལྕག་བྱས་པ། ཞིང་དུད་དང་མཉམ་སྡེབ་ཀྱིས་རིན་ལྡན་ས་ཞིང་ནང་བཤུག་བྱས་ཏེ་མཉམ་དུ་གཉེར་སྐྱོང་དང་ས་ཞིང་རྐང་ཞུགས་བྱེད་པ་སོགས་ཀྱི་རྣམ་པར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུའི་སྐུལ་ལྕག་བཏང་བ་རེད།

    དེ་དང་དུས་མཚུངས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་ཏན་ཏིག་བཏང་སྟེ་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར། དུས་དེབ་སོགས་སྨྱན་སྦྱོར་གང་ལེགས་སྤྱོད་པ་དང་། དྲིལ་བསྒྲགས་ཤོག་བྱང་སྤྲོད་པ། ས་གནས་ས་ཐོག་གི་ཚོགས་འདུ་འཚོག་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་ཕྱོགས་མང་པོ་དང་རིམ་པ་མང་པོས་གླེང་ཕྱོགས་དྲིལ་བསྒྲགས་རྒྱ་ཁྱབ་ངང་བྱས་ཏེ་ཁྱད་ལྡན་འཕེལ་རྒྱས་གཏོང་བའི་དམིགས་ཚད་ལས་འགན་དང་རོགས་སྐྱོར་སྲིད་ཇུས་མི་ཚང་མས་རྟོགས་པ་དང་མི་ཚང་མའི་སེམས་སུ་ཟུག་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།