དབུ་ཤོག>ཞིང་འབྲོག་གསར་པ།
  • ​ “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་8ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-03

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་ནས་སོན་གྱི་སྤུས་ཚད་གསར་གཏོད་དང་། འདུས་རྡུལ་སོན་གསོ། ཁྱད་ལྡན་ཁྱིམ་ཕྱུགས་འདེམས་གསོ། བདེ་ཐང་གསོ་ཚགས་སོགས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་8ལག་བསྟར་བྱས་ནས། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས་ཞིང་འབྲོག་ལས་ལ་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་55%ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་གྱི་འགྲོ་གྲོན་ལོ་རེར་ཆ་སྙོམས་30.4%འཕར་ནས། ཚན་རྩལ་ཡར་ཐོན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད། 2015ལོའི་ལོ་མཇུག་བར། བོད་ཀྱི་ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་40%ཟིན་པ་དང་ཞིང་འབྲོག་ལས་ལ་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་45%ཟིན་ཡོད།

    རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས། བོད་ཀྱི་མི་འབོར་གྱི་80%ལྷག་ཙམ་ཞིང་འབྲོག་ཁུལ་དུ་ཡོད། ཞིང་འབྲོག་ཁུལ་འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ཧྲིལ་པོ་དང་ཐད་ཀར་འབྲེལ་བ་ཡོད། “རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱ་ཆེད།

    2016ལོར་བོད་ཀྱི་ཚན་རྩལ་སྡེ་ཚན་གྱིས་ཞིང་འབྲོག་ལས་ལ་མ་རྩ་འཇོག་ཤུགས་སྔར་བས་ཆེ་རུ་བཏང་བ་དང་འབྲེལ་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་2ཀྱི་63%ལྷག་ཙམ་ཞིང་འབྲོག་ལས་ཀྱི་ཚན་རྩལ་འཕེལ་རྒྱས་ལ་སྤྱད་ཡོད་པ་རེད”ཅེས་བསྟན་པ་རེད།

    འཕྲིན་ལས་དབང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན་གྱི་དགོས་མཁོར་དམིགས་ནས། ནས་སོན་སྤུས་ཚད་གསར་གཏོད་དང་། རྡུལ་ཕྲན་སོན་གསོ། ཁྱད་ལྡན་སྒོ་ཕྱུགས་འདེམས་གསོ། བདེ་ཐང་གསོ་ཚགས། རྩྭ་སོན་སྤུས་ཚད་ལེགས་བཅོས་དང་བེད་སྤྱོད། ཁྱད་ལྡན་ཞིང་ཟོག་ལས་སྣོན་ལག་རྩལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ། ཚན་རྩལ་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་དང་། རྫོང་སྟོབས་ཆེར་གཏོང་བ། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་8ལག་བསྟར་བྱས་ནས། གཙོ་གནད་ཁྱབ་ཁོངས་སུ་ཚད་བརྒལ་གལ་ཆེན་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

    རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ཚན་རྩལ་གསར་གཏོད་འཆར་འགོད་ཁྲོད་2020ལོར་སླེབས་སྐབས། སྤྱི་ཚོགས་ཡོངས་ཀྱི་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་ཐད་ཀྱི་གཏོང་ཆས་GDPབསྡུར་ཚད་ཀྱི་0.6%བཟུང་བ་དང་། ཚན་རྩལ་ཡར་ཐོན་གྱིས་དཔལ་འབྱོར་འཕར་ཚད་ལ་ལེགས་སྐྱེས་འབུལ་ཚད་45%ཟིན་པ། ཞིང་འབྲོག་ལས་ལ་ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་55%ཟིན་པ་བཅས་བྱ་རྒྱུ་རེད་ཅེས་ཁ་གསལ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།