
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཤང་གིས་ལས་གནས་ཁ་གསབ་མ་དངུལ་སྤྲོད་པའི་བྱེད་སྒོ་སྤེལ་ནས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་101ལ་ལས་གནས་སུ་སྐྱོད་པའི་ལག་ཁྱེར་དང་གླ་ཕོགས་གཱ་སྤྲད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་གནས་ཁ་གསབ་ནི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་གནད་སྨིན་དབུལ་སྐྱོར་བྱ་ཡུལ་ལ་ལས་ཀ་བརྟན་པོ་དང་འབབ་འཕར་དབུལ་སྒྲོལ་ཡོང་བར་འགན་ལེན་བྱ་ཆེད་ཉོས་པའི་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་ཡིན་པ་དང་། མི་རེར་ལོ་རེར་རྒྱལ་ཁབ་ཀྱི་ཁ་གསབ་ཚད་གཞི་སྒོར་3000ཡོད་པ་རེད། མིག་སྔར། ཁྲེང་ཀོན་ཆུས་ལ་ལས་གནས་ཁ་གསབ་ཁག་5(རྩྭ་ཐང་གི་ལྟ་སྐུལ་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་བ། ཆུ་བེད་ཀྱི་ལྟ་སྐུལ་བ། གྲོང་གསེབ་གཞུང་ལམ་གྱི་བདག་སྐྱོང་བ། ནགས་སྲུང་བ)ཡོད་པ་དང་། ལས་ཀའི་ལས་གནས་མི་འདྲ་བར་དམིགས་ནས་དོ་དམ་བྱེད་ཐབས་དང་ལས་གནས་བཀོད་སྒྲིག་ཇུས་གཞི་བཟོས་ཤིང་། དམིགས་ཚད་འགན་འཁྲིའི་ཡི་གེ་བཞག་སྟེ་སྣོད་བཅུད་ཁ་གསབ་སྲིད་ཇུས་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཡོད་ཅིང་། འདི་ནི་ལས་གནས་སུ་སྐྱོད་པའི་ལག་ཁྱེར་དང་གླ་ཕོགས་གཱ་རག་པའི་མང་ཚོགས་ཡིན་པ།