དབུ་ཤོག>ཞིང་འབྲོག་གསར་པ།
  • 《རྒན་གསོའི་ཞབས་ཞུའི་ཁྲོམ་ར་ཕྱོགས་ཡོངས་ནས་སྒོ་མོ་ཕྱེ་སྟེ་རྒན་གསོའི་ཞབས་ཞུའི་སྤུས་ཚད་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-03

    01 རྒན་གསོའི་ཞབས་ཞུའི་ཁྲོམ་ར་ཕྱོགས་ཡོངས་ནས་སྒོ་མོ་འབྱེད་པ།

    ཆོག་འཐུས་ཆ་རྐྱེན་དམའ་རུ་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཆ་རྐྱེན་ལྷུག་ཏུ་གཏོང་བ། སྲིད་འཛིན་ཞིབ་བཤེར་ཆོག་མཆན་གྱི་ལྷུ་ཚིགས་སྟབས་བདེ་རུ་གཏོང་བ། སྲིད་གཞུང་གི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ། རིན་གོང་གྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞུང་སྒྲུབ་རྒན་གསོའི་སྒྲིག་གཞིའི་སྒྱུར་བཅོས་མགྱོགས་སུ་གཏོང་བ་བཅས་བྱས་ནས། ལས་རིགས་ཡིད་རྟོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས།

    02 སྐྱིད་སྣང་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་གཏོང་བ།

    སྐྱིད་སྣང་ལྡན་པའི་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ཁྱབ་ཚད་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་རྒན་གསོའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་རྒན་རྒོན་གྱི་འཚོ་བ་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

    03རྒན་གསོའི་ཞབས་ཞུ་སྤུས་ལེགས་མཁོ་སྤྲོད་བྱེད་པའི་མ་ལག་ནུས་ཤུགས་ཡོད་རྒུས་གཏོད་པ།

    “དྲ་སྦྲེལ+”རྒན་གསོའི་ཞབས་ཞུ་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྨན་བཅོས་དང་རྒན་གསོ་ཟུང་དུ་འབྲེལ་བའི་ཤར་བགྲོད་ལམ་བུ་སྐྲུན་པ། རྒན་རྒོན་གྱི་ཐོན་རྫས་སྤྱོད་ཚད་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྒན་རྒོན་ལ་འཚམ་པའི་དངུལ་རྩའི་ཞབས་ཞུ་བྱེད་སྟངས་འཕེལ་རྒྱས་གཏོང་དགོས།

    04 སྲིད་ཇུས་ཀྱི་འགན་སྲུང་ནུས་པ་ཆེ་རུ་ཏན་ཏིག་གཏོང་བ།

    སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་རྒྱག་པ་དང་། ས་ཞིང་རོགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་། མ་དངུལ་འཇོག་པ་། མ་དངུལ་མཉམ་འདྲེས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།