དབུ་ཤོག>ཞིང་འབྲོག་གསར་པ།
  • གྲངས་གཞིའི་ཐོག་ནས་2016ལོ་གསལ་འགྲེལ་བྱས།༤

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-01

    རིག་གནས་དང་སློབ་གསོ།

    རྒྱལ་ཡོངས་ཀྱི་རྒྱལ་དམངས་དཔེ་ཀློག་རྟོག་ཞིབ་ཐེངས་བཅུ་གསུམ་པའི་གྲངས་གཞིའི་ཐོག་མངོན་པར་གཞིགས་ན།

    2010ལོ་ནས་2015ལོའི་བར་གྱི་དམངས་ཡོངས་ཀྱི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་ 2010ལོར་77.1%དང་། 2011ལོར་77.6% 2012ལོར་76.3% 2013ལོར་76.7% 2014ལོར་78.6% 2015ལོར་79.6%བཅས་ཟིན་པ་རེད།

    2016ལོར་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ཁོངས་གཏོགས་ཁེ་ལས་ཀྱིས་ཕྱིར་ཚོང་བསྡོམས་འབོར་སྒོར་ཁྲི་5402ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་26%འཕར་བ་དང་།

    རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ཉར་ཚགས་རིན་ཐང་ལྡན་པའི་ཐོན་རྫས་ཀྱི་ཁྲོམ་རའི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་6ཙམ་ཟིན་པ།

    མིག་སྔའི་བར་རྟེན་རྫས་བཤམས་མཛོད་ཁང་གསར་པ་གཉེར་ནས་ལོ་ལྔའི་རིང་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་གསར་གཏོད་ཐོན་རྫས་སྣ་ཁ་3000ལྷག་གསར་སྤེལ་འཆར་འགོད་བྱས་པ་དེ་དག་གི་ཁྲོམ་རའི་རིན་ཐང་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་29ཟིན་ནས་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་ཁོངས་གཏོགས་ཁེ་ལས་ཀྱི་ཡོང་འབབ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་2.5ཟིན་ཡོད་པ་རེད།

    དབྱིན་ཇིའི་སློབ་ཆུང་གི་རྩིས་རིག་སློབ་ཚན་ཐོག“ཀྲུང་གོའི་དཔེ་དབྱིབས”སྤྱད་པ།

    ཉེ་བའི་ལོ་ཤས་རིང་། ཀྲུང་དབྱིན་སློབ་མའི་ཕྱོགས་གཉིས་སྤེལ་རེས་སྔར་བས་རྒྱ་ཆེར་ཕྱིན་ནས་ལོ་ལྔའི་རིང་མི་ཁྲི་དབྱིན་ཇིར་སློབ་སྦྱོང་བྱེད་པར་འགྲོ་རྒྱུའི་འཆར་གཞི་བདེ་བླག་ངང་ལག་བསྟར་བྱས་པ་སྟེ།

    2015ལོའི་ལོ་ཧྲིལ་པོར་ཀྲུང་གོར་སློབ་སྦྱོང་བྱེད་མཁན་དབྱིན་ཇིའི་སློབ་མ་5887ཟིན་པ།

    དབྱིན་ཇིར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཁྲི་8.8ལྷག་ཟིན་པ།

    ཀྲུང་གོ་བསྟུད་མར་ལོ་བཞིའི་རིང་འཛམ་གླིང་གི་རིག་གནས་ཐོན་རྫས་ཕྱིར་གཏོང་བྱེད་མཁན་ཨང་དང་པོར་གྱུར་པ།

    རྒྱལ་ཡོངས་ཀྱི་གྲོང་ཁྱེར་50ཙམ་ནས་གློག་བརྙན་ཁང་100བདམས་ཏེ་རྒྱལ་ཡོངས་སྒྱུ་རྩལ་གློག་བརྙན་གཟིགས་འབུལ་མནའ་འབྲེལ་བཙུགས་ནས།

    ཉིན་རེར་གློག་བརྙན་ཐེངས་གསུམ་རེ་དང་གཟའ་འཁོར་རེར་10རེ་གཟིགས་འབུལ་བྱ་རྒྱུ་དང་། དུས་ཚོད་ཡག་ཤོས་སྐབས་སྒྱུ་རྩལ་གློག་བརྙན་གཟིགས་འབུལ་བྱ་རྒྱུའི་འགན་ལེན་བྱས་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།