དབུ་ཤོག>ཞིང་འབྲོག་གསར་པ།
  • ​ “ཞབས་འདེགས་གསུམ”ཞུས་པས་མང་ཚོགས་ལ་ཕན་པ་དངོས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-23

    གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པས་ལས་དོན་སྤེལ་བ་ནས་བཟུང་། པ་སྣམ་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རང་ཉིད་ཀྱི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བརྩེ་བ་སེམས་སུ་བཅངས་ཏེ་གྲོང་ཚོ་དང་དུད་ཚང་ལ་བསྐྱོད་ནས“ཞབས་འདེགས་གསུམ”ཡག་པོ་ཞུས་ཏེ་དྲོ་སྐྱིད་སྦྱིན་པས་རྨང་བརྟན་དམངས་ཕན་གྱི་ལས་དོན་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་ཡོད།

    གཙང་སྦྲ་འཕྲོད་བསྟེན་གྱི་ཞབས་འདེགས་ཞུས་པ། དབུས་ཁྱུ་གྲོང་ཚོར་བཅའ་སྡོད་པ་སྣམ་རྫོང་སྟོང་ཤེ་ཤང་སྲིད་གཞུང་གི་ལས་དོན་རུ་ཁག་གིས་དུས་བཀག་ནང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གྲོང་ཚོའི་རྣམ་པ་ལེགས་གཏོང་གི་གཙང་སྦྲ་འཕྲོད་བསྟེན་གྱི་བྱེད་སྒོ་སྤེལ་བ་མ་ཟད། རང་འགུལ་ངང་མ་དངུལ་གྲབས་གསོག་བྱས་ཏེ་སྐྲ་བཞར་ལག་ཆ་ཉོས་ནས་ཡུལ་དེའི་མང་ཚོགས་ལ་རིན་མེད་ངང་སྐྲ་བཞར་བས་མང་ཚོགས་ལ་བདེ་ཐང་གི་འཚོ་བའི་གོམས་གཤིས་འཇགས་རྒྱུར་ཁྲིད་སྟོན་ཐུབ་ཡོད།

    བདེ་ཐང་གི་ཞབས་འདེགས་ཞུས་པ། པ་སྣམ་རྫོང་འདུས་བྱུང་ཤང་གྲས་བྱང་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་མི་ཤུགས་་སྤྱི་ཚོགས་ཐིང་གི་ལས་དོན་རུ་ཁག་གིས་པ་སྣམ་རྫོང་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་འབྲེལ་བ་ཧུར་ཐག་བྱས་ཏེ་སྦྲུམ་མ་དང་སྐྱ་གྲིབ་ནད་ཕོག་པའི་ནད་པར་བརྟག་དཔྱད་བྱ་རྒྱུ་སོགས་ཚུད་པའི་བདེ་ཐང་གི་ཞབས་ཞུ་ཐེངས་མང་ཞུས་པས་མང་ཚོགས་ཀྱི་བདེ་ཐང་འགན་ལེན་ཐུབ་ཡོད།

    ཕྱུག་འགྱུར་གྱི་ཞབས་འདེགས་ཞུས་པ། པ་སྣམ་རྫོང་དཔའ་རྩལ་ཤང་གྲོང་སྟོད་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ལས་དོན་རུ་ཁག་གིས་གཞིས་རྩེ་གྲོང་ཁྱེར་གྱི་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཡིན་པའི་གྲོང་སྟོད་གྲོང་ཚོར་ཞིང་འཕྲུལ་དཀོན་པས་ལོ་ལྟར་སྟོན་ལས་སྐབས་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་ཤེས་འཕྲལ་ལས་དོན་རུ་ཁག་གིས་གྲོང་ཚོའི་ལས་བྱེད་པ་དང་མཐུན་སྦྱོར་གང་ལེགས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་གྲོང་སྟོད་གྲོང་ཚོར་ཞིང་སྤྱོད་འབྲུ་འདོན་འཕྲུལ་འཁོར་30ཉོ་རྒྱུའི་ཐག་བཅད་དེ་སྟོན་ལས་སྐབས་ཀྱི་དཀའ་ངལ་བསལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།