
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱ་ཆེད། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་མོ་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་མིས་རང་ཉིད་ཀྱི་ལེགས་ཆ་དང་ཟུང་འབྲེལ་དམ་ཟབ་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་བརྩེ་སེམས་བཅངས་ཏེ་ཚན་རྩལ་དང་། འཕྲོད་བསྟེན། རིག་གནས། ལག་རྩལ། ཞབས་ཞུ་སོགས་ཀྱི་གཤམ་སྤེལ་བྱེད་སྒོ་ཧུར་ཐག་སྤེལ་ནས་དམངས་་ལ་ཕན་པ་བཏགས་ཤིང་། འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཐང་མོ་གྲོང་ཚོའི་ལས་དོན་རུ་ཁག་གི་རུ་མིས་གྲོང་ཚོ་དང་དུད་ཚང་ལ་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།