དབུ་ཤོག>ཞིང་འབྲོག་གསར་པ།
  • ​ གྲོང་སྡོད་ལས་བྱེད་པས་གནད་སྨིན་དབུལ་སྐྱོར་བྱས་པར་ཕན་འབྲས་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-21

     འདི་ལོ་ནས་བཟུང་། ས་དགའ་རྫོང་གིས་རྫོང་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་152གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་ནང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ་གནད་སྨིན་དབུལ་སྐྱོར་ལ་ཕན་འབྲས་ཐོན་པ་བྱས་ཡོད།

    ལས་ཀའི་ནང་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་བྱེད་པས་རང་ཉིད་ཀྱི་ལེགས་ཆ་བཏོན་ནས་ཤང(གྲོང་རྡལ)དང་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱིས་གནད་སྨིན་དབུལ་སྐྱོར་ལས་ཀའི་དོན་སྙིང་གལ་ཆེན་དང་། དམིགས་ཚད་ལས་འགན། ཞིབ་ཕྲའི་བླང་བྱ། དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཁར། ཉེ་འགྲམ་དུ་བྱུང་བའི་གནས་ཚུལ་བཤད་དེ་མང་ཚོགས་དབུལ་པོར་ཁྲིད་སྟོན་བྱས་པ་དང་མང་ཚོགས་གནད་སྨིན་དབུལ་སྐྱོར་ལས་ཀར་ཤེས་རྟོགས་དང་དེའི་ནང་ཞུགས་སུ་བཅུག་ནས་ཁོ་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་བས་ཕྱར་བ་གྲུ་འདེགས་ངང་དབུལ་སྐྱོར་ལ་དམ་འཛིན་དང་དབུལ་སྒྲོལ་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།