དབུ་ཤོག>ཞིང་འབྲོག་གསར་པ།
  • ​ “འགག་སྒོ་བཞི”ནན་གྱིས་བསྲུངས་ནས“མྱུར་སྒྲུབ”རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-21

    རྨང་བརྟན་དམངས་ཕན་གྱི“མྱུར་སྒྲུབ”རྣམ་གྲངས་ལ་དམ་འཛིན་ཡག་པོ་ཐུབ་པ་དང་། རྣམ་གྲངས་མ་དངུལ་གྱི་བདེ་འཇགས་འགན་ལེན་ཐུབ་པ། རྣམ་གྲངས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་ཐུབ་པ་བཅས་ཀྱི་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཞིབ་བཤེར་མཆན་འགོད་ཀྱི་འགག་སྒོ་དང་། རྣམ་གྲངས་ལག་བསྟར་གྱི་འགག་སྒོ མ་དངུལ་དོ་དམ་གྱི་འགག་སྒོ ལྟ་སྐུལ་རྩིས་ལེན་གྱི་འགག་སྒོ་བཅས་ནན་གྱིས་བསྲུངས་ཏེ“མྱུར་སྒྲུབ”རྣམ་གྲངས་ལ་དམ་འཛིན་ནན་པོ་བྱས་ནས་ཕན་འབྲས་ཆེ་རུ་གཏོང་གང་ཐུབ་བྱས་ཤིང་། 2015ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྨང་བརྟན་དམངས་ཕན་གྱི“མྱུར་སྒྲུབ”རྣམ་གྲངས་279བཀོད་སྒྲིག་བྱས་པ་དང་ཁྱོན་མ་དངུལ་སྒོར་6824བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།