དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་རུ་ཐོག་རྫོང་གིས་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་ཁ་གསབ་དངུལ་སྤྲད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-12-19

    ཞིང་འབྲོག་མང་ཚོགས་ལ་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་སྔར་བས་ལེགས་པའི་ངང་ལོངས་སུ་སྤྱོད་ཐུབ་པ་དང་2016ལོའི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་ཁ་གསབ་དངུལ་ལེན་རྒྱུར་སྟབས་བདེ་ཡོང་ཆེད། ཉེ་ཆར། རུ་ཐོག་རྫོང་ཚོང་དོན་ཅུས་ཀྱིས་ལྕགས་སྒང་གྲོང་ཚོའི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་ཁ་གསབ་དངུལ་སྤྲོད་པའི་ལས་དོན་སྤེལ་བ་རེད།

    བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལྕགས་སྒང་གྲོང་ཚོའི་དུད་ཚང་53གྱི་ཡུལ་མི་ཚོང་དོན་ཅུས་ལ་བསྐྱོད་དེ་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་ཁ་གསབ་ལེན་རྒྱུའི་འདུན་ཞུ་བྱས་པར་ཁྱོན་སྒོར་117712.5ཟིན་པ་དང་དུད་ཚང་52ལ་ཁྱོན་སྒོར་115612.5སྤྲད་ཡོད།

    དངུལ་སྤྲོད་པའི་ལས་དོན་སྤེལ་བ་དང་དུས་མཚུངས། ཚོང་དོན་ཅུས་ཀྱི་ལས་དོན་པས་སྲིད་གཞུང་གི་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཀྱི་ཁ་གསབ་སྲིད་ཇུས་སྔར་བས་དྲིལ་བསྒྲགས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་ཁྱིམ་སྤྱོད་གློག་ཆས་དང་འཛིན་ཆས་ཁ་གསབ་རེ་ཞུའི་ཆ་རྐྱེན་དང་དེ་བཞིན་འབྲེལ་ཡོད་དོ་སྣང་བྱེད་དགོས་པའི་གནད་དོན་འགྲེལ་བཤད་བརྒྱབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།