དབུ་ཤོག>ཞིང་འབྲོག་གསར་པ།
  • ​ སྨན་རྫས“རིན་ཁྱད་མེད་པར”འཚོང་བ།

  •     སྤེལ་དུས།  2016-12-19

    349664_yis_1482036013619.jpg

    འདི་ལོ་ཤར་ཚུན་རང་ལྗོངས་ཀྱིས་སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། ལས་ཞུགས། སྡོད་ཁང་བཅས་གཙོ་བོར་བྱས་པའི་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཅིང་། གྲོང་ཁྱེར་དང་ས་གནས་ཁག་གི་སྨན་རྫས“རིན་ཁྱད་མེད་པར”འཚོང་བའི་ནོར་སྲིད་ཁ་གསབ་མ་དངུལ་དུས་ཐོག་དང་ཆད་ལུས་མེད་པར་དམིགས་སར་འབྱོར་བ་དང་། གཏོང་ཡོང་གི་ཆད་གྲངས་ནོར་སྲིད་ཀྱིས་ཁ་གསབ་བྱེད་པ། སྨན་བཅོས་འགན་བཅོལ་གྱིས་གཏོང་བའི་བསྡུར་ཚད་གཞི་རིམ་ལ་ཕྱོགས་པ་མ་ཟད། ད་དུང་ཁ་གསབ་ལམ་སྲོལ་ཡང་སྔར་བས་འཐུས་སྒོ་ཚང་དུ་སོང་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་རིམ་ཁག་སྨན་བཅོས་སྒྲིག་གཞི་ཚང་མས་སྨན་རྫས“རིན་ཁྱད་མེད་པར”བཙོངས་པ་ལས་སྨན་རྫས་ཀྱི་ཆ་སྙོམས་རིན་གོང་ཤུགས་ཆེ་ཙམ་ཆག་ཡོད། འདི་ནི་མེ་ཏོག་རྫོང་མི་དམངས་སྨན་ཁང་གི་ལས་དོན་པས་སྨན་རྫས་ཁང་ནང་སྨན་རིགས་སྤྲོད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།