དབུ་ཤོག>ཞིང་འབྲོག་གསར་པ།
  • རྒྱལ་ཡོངས་ཀྱི་གྲོང་གསེབ་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-15

    ཚེས་13ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་ཀྱི་གྲོང་གསེབ་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་2016ལོའི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱིར་མིག་བལྟས་པ་དང་ཕྱོགས་སྡོམ་བྱས་པ་མ་ཟད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལས་དོན་གྱི་གཙོ་གནད་བཀོད་སྒྲིག་ཀྱང་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་བོད་ལྗོངས་ཡན་ལག་ཚོགས་རར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཅང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་མཐུན་སྦྱོར་སྤྱི་འདོམས་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀ་སྒྲུབ་པའི་རང་རྟོགས་སེམས་པ་ཆེ་རུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་དགོས་པ་དང་། རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་ལྗོངས་ཡོངས་སུ་གྲོང་གསེབ་མི་སྡོད་ཁོར་ཡུག་འཆར་གཞི་སྒྲིག་འཛུགས་བྱས་ནས་མགྱོགས་པོ་བཟོ་བ་དང་ས་གནས་ཁག་ཏུ་རྫོང་ཁོངས་གྲོང་ཚོ་དང་གྲོང་རྡལ་མ་ལག་འཆར་འགོད་འཐུས་ཚང་མགྱོགས་མྱུར་ཡོང་བར་ལྕག་སྐུལ་དང་མཛུབ་ཁྲིད་བྱེད་དགོས་པ། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་བྱེད་མགྱོགས་སུ་བཏང་ནས་དམིགས་ཚད་དུད་ཚང་དུ་བགོས་པ་དང་མ་དངུལ་ཐེམ་དུད་ལ་འབྱོར་པའི་ཁར་ལག་རྩལ་མཛུབ་ཁྲིད་བྱ་ཤུགས་ཆེ་རུ་བཏང་ནས་ལས་གྲྭའི་སྤུས་ཚད་དང་ཡོམ་འགོག་བདེ་འཇགས་ཡོང་བར་དམ་འཛིན་བྱེད་པ་དང་། ས་གནས་ཀྱི་ཁྱད་ཆོས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ། གྲོང་གསེབ་ཀྱི་ཨར་པོའི་རུ་ཁག་སྐྱེད་སྲིང་བྱེད་དགོས་པ། ཁོར་ཡུག་བཅོས་སྒྲིག་གི་ཕན་པ་ཐོན་རྒྱུར་མཐོང་ཆེན་བྱས་ཁར་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་སྔོན་ལ་ཚོད་ལྟ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྟབས་བདེ་ལ་སྤྱོད་གོ་ཆོད་པའི་བྱེད་སྟངས་བཟང་པོ་འཚོལ་དགོས་པ། མི་སྡོད་རྒྱུར་འཚམ་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་ཆུ་བེད་དང་། འགྲིམ་འགྲུལ། ཁོར་ཡུག་སྲུང་སྐྱོང་། གློག་ཤུགས། འཕྲིན་གཏོང་སོགས་ལས་རིགས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིམ་པས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལས་དོན་ཏན་ཏིག་ངང་སྒྲུབ་དགོས་པ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཐད་ཀྱི་བདེ་འཇགས་མིན་པའི་འབྱུང་ཉེན་རྐྱེན་ངན་གྲལ་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ་བདེ་འཇགས་རྩ་བར་གྱུར་པའི་མི་སྡོད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྒྲིག་འཛུགས་དང་། མ་དངུལ། སྲིད་ཇུས་བཅས་ནས་འགན་ལེན་བྱ་ཤུགས་ཆེ་རུ་བཏང་སྟེ་ལས་བགོས་ཁ་གསལ་བ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། ཕན་ནུས་ཆེ་ལ་གོ་རིམ་ལྡན་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་ཏེ་ནོར་སྲིད་ཀྱི་གཏོང་སྒོ་ཆེ་རུ་དང་ལས་རིགས་སོ་སོའི་སྲིད་ཇུས་དང་མ་དངུལ་བསྡུ་སྒྲིལ་བྱ་ཤུགས་ཆེ་རུ་བཏང་སྟེ་གོང་འོག་དང་གཡས་གཡོན་ཀུན་ལ་ཁྱབ་པའི་སྲིད་ཇུས་མ་ལག་ཅིག་འཛུགས་པ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་སུ་གཏོང་བའི་སྲིད་ཇུས་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ། དཔྱད་ཞིབ་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་ཐོག་ནས་ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་མ་རྒྱུན་ཆད་མེད་པར་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།