
དམངས་ཕན་སྲིད་ཇུས་བཟང་པོ་གང་སར་ཁྱབ། དམངས་ཀྱི་འཚོ་བར་འགན་ལེན་གང་ལེགས་བྱུང་།
འགན་ལེན་ལྔའི་གཅིག་སྡུད་འཚོ་སྐྱོང་ལས་གཞི་ནི་རང་ལྗོངས་ཀྱིས་བཏོན་པའི་དམངས་འཚོར་ཕན་པ་སྐྲུན་པའི་གཟིགས་སྐྱོང་སྲིད་ཇུས་ཤིག་ཡིན་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་འོག་ད་ཆ་རང་ལྗོངས་ཀྱི་རྒན་རྒོན་མི་ཧྲེང་རྣམས་ཀྱི་འཚོ་སྡོད་དང་ཟ་འཐུང་སོགས་ལ་འགན་སྲུང་ཡག་པོ་ཐུབ་སྟེ། ཁོང་ཚོ་རྒས་ན་བརྟེན་ས་ཡོད་པ་དང་ནད་གཞི་ཕོག་ན་སྨན་བཅོས་བྱེད་མཁན་ཡོད་པ་སོགས་མངོན་འགྱུར་བྱུང་ཡོད་པ་རེད།