དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་རྫོང་གསུམ་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་མཚོན་རྫོང་གི་མིང་ཐོའི་ནང་ཚུད་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-12-07

    ཉེ་དུས།  རྒྱལ་ཁབ་ཞིང་ལས་པུས་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་མཚོན་རྫོང་༼གྲོང་ཁྱེར་དང་ཆུས༽གི་སྤྱི་ལོ ༢༠༡༦ ལོའི་མིང་ཐོ་ཡོངས་བསྒྲགས་བྱས་པའི་ནང་།  ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་དང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་། ནག་ཆུ་ས་ཁུལ་སོག་རྫོང་བཅས་རང་ལྗོངས་ཀྱི་རྫོང་གསུམ་ཚུད་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན།  ཞིང་ལས་པུས་སྤྱི་ལོ ༢༠༡༢ ལོའི་ཚུན་དུ་རང་ལྗོངས་ཀྱི་དཔེ་མཚོན་རྫོང་ ༦ དང་དཔེ་མཚོན་ས་ཚིགས ༩ རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་དཔེ་མཚོན་རྫོང་དང་ས་ཚིགས་སུ་གཏན་འཁེལ་བྱས་ཡོད་པ་རེད།

    སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གོང་འཕེལ་གཏོང་རྒྱུ་ནི་རང་ལྗོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ།  གསུམ་པ་བཅས་མཉམ་འབྲེལ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གསར་པ་ཞིག་ཡིན་ལ།  ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་།  ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་པ་དང་འབབ་འཕར་ཡོང་བའི་ཐབས་ལམ་གསར་པ་ཞིག་ཀྱང་ཡིན་པས།  ཞིང་འབྲོག་ལས་ཀྱི་མཁོ་སྤྲོད་གྲུབ་ཆའི་རང་བཞིན་ལ་བསྒྱུར་བཅོས་གཏོང་རྒྱུ་དང་ཞིང་ལས་སྟོབས་ཆེར་གཏོང་རྒྱུ།  གྲོང་གསེབ་མཛེས་སྡུག་ཅན་དུ་འགྱུར་རྒྱུ།  ཞིང་པ་ཕྱུག་པོ་ཆགས་པ་བྱེད་རྒྱུ་བཅས་ལ་སྐུལ་འདེད་བཏང་ནས།  མཛེས་ཞིང་སྐྱིད་པའི་གྲོང་གསེབ་གསར་པ་དང་སྐྱོན་བྲལ་གྱི་གྲོང་ཚོ་དང་གྲོང་རྡལ།  མཛེས་སྡུག་ལྡན་པའི་བོད་ལྗོངས་བཅས་འཛུགས་སྐྲུན་བྱེད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།