
ཉེ་བའི་ལོའི་རིང་། རང་ལྗོངས་ཀྱིས་བོད་རུམ་ཐོན་ལས་ཀྱི་སྣེ་འདྲེན་བྱེད་པའི་མི་རིགས་ལག་ཤེས་བཟོ་ལས་དེ་གཙོ་གནད་ཐོག་འཕེལ་རྒྱས་བཏང་ནས། རྒྱལ་ནང་གི་ཁྲོམ་རའི་ཐོག་རྒྱ་འགྱེད་ཧུར་ཐག་བཏང་བ་དང་ཁྲོམ་རའི་གཞི་ཁྱོན་རྒྱུན་མཐུད་ཤུགས་ཆེ་འགྲོ་བ་དང་བསྟུན་ཏེ། རང་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས ༢༠༠༠ ལྷག་ཙམ་གྱི་ཁྲོད་བོད་རུམ་གྱི་ཐོན་ལས་དེ་རིམ་བཞིན་རང་ལྗོངས་མི་རིགས་ལས་ཤེས་བཟོ་ལས་ཀྱི་སྣེ་འདྲེན་ཐོན་ལས་ལྟ་བུར་གྱུར་ཡོད།