དབུ་ཤོག>ཞིང་འབྲོག་གསར་པ།
  • ​“བརྒྱད་འཛོམས་ཞིང་དུད”ཀྱི་འདུ་འགོད་ལག་བསྟར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-11-11

    རྨང་བརྟན་དམངས་ཕན་བྱེད་སྒོ་ཁག་ལྔ་པ་སྤེལ་ཚུན། འདི་ལོ་སྟེང་ཆེན་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་རྒྱུ་འགོ་འཛུགས་སར་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཞི་རྩར་བྱས་ནས་བཅའ་སྡོད་བྱ་ཡུལ་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེའི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཆུ་དང་། གློག ལམ། འཕྲིན་གཏོང་། ཞིང་ཁྱིམ་དཔེ་མཛོད་ཁང་། རླུང་འཕྲིན་དང་གློག་བརྙན་བརྙན་འཕྲིན། ཁོར་ཡུག་མཛེས་པོ་བཅས“བརྒྱད་འཛོམས་ཞིང་དུད”ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱས་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་བ་རེད། མིག་སྔའི་བར་ཚན་རིག་དང་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་ཞབས་ཞུའི་བྱེད་སྒོ་ཐེངས་211སྤེལ་བར་མ་དངུལ་སྒོར་ཁྲི་37.21བཏང་ཡོད་པ་རེད། ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་རེ་བྱེད་པའི་ཞིང་འབྲོག་པའི་ཧུར་སེམས་ཆེ་རུ་བཏང་བ་རེད། “སྐད་གཉིས”སློབ་གསོར་དམ་འཛིན་ཏན་ཏིག་དང་སློབ་ཞུགས་གོང་གི་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ལས་རིགས་སློབ་གསོ་འཕེལ་རྒྱས་མྱུར་པོ་བཏང་བ་མ་ཟད། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་པའི་རིག་གནས་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ཧུར་ཐག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།