
འཛུམ་མདངས་ཁྲོད་ནས་བདེ་སྐྱིད་འཚོ་བ་མངོན།
ཉེ་དུས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་རྫོང་དེ་གའི་དོན་མཁར་ཨུ་ཡོན་ལྷན་ཁང་དང་ཐང་པོ་ཆེ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཡིག་ཚགས་དང་གྭ་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༣༣ སྒྲིག་འཛུགས་བྱས་ནས། གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་རྣམ་གྲངས་འདྲུད་འཐེན་འཁོར་ལོ་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ད་ཐེངས་ཀྱི་མཛད་སྒོའི་ཐོག་སྤྲད་པའི་འདྲུད་འཐེན་འཁོར་ལོ ༡༣༣ དེ་ནི་མང་ཚོགས་རང་ཉིད་ཀྱིས་དངུལ་སྒོར་ཁྲི་གཅིག་གྲབས་གསོག་བྱས་པ་དང་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་དངུལ་ཁྲི་གཅིག་སྤྲད་ནས་ཉོ་སྒྲུབ་བྱས་པ་ཞིག་ཡིན།