དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོས་ཐེམ་ཁོངས་ཆབ་མདོའི་ལས་ཞུགས་མི་སྣ་བསྡུ་མཁན་རང་ཁོངས་ཁེ་ལས་ལ་བྱ་དགའི་ཁ་གསབ་ཁག་དང་པོ་སྤྲད་པ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-11-04

    སྤྱི་ཟླ ༡༠ པའི་ཚེས ༣༠ ཉིན་གྱི་སྔ་དྲོ།   ཆབ་མདོ་གྲོང་ཁྱེར་གྱིས་ཐེམ་ཁོངས་ཆབ་མདོ་ཡིན་པའི་ལས་ཞུགས་མི་སྣ་བསྡུ་མཁན་རང་ཁོངས་ཁེ་ལས་ལ་བྱ་དགའི་ཁ་གསབ་དངུལ་ཁག་དང་པོ་སྤྲོད་པའི་མཛད་སྒོ་ཇ་རྟའི་ཐང་ཆེན་དུ་ཚོགས་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཁག་དང་པོའི་བྱ་དགའི་ཁ་གསབ་ཐོབ་མཁན་ཁེ་ལས་གྲས་སུ་ཀྲུང་གོ་སྒུལ་འཕྲིན་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་ཆབ་མདོ་ཡན་ལག་ཀུང་སི་དང་མཐོ་རྩོད་འཛུགས་སྐྲུན་རྒྱུ་ཆ་མ་རྐང་ཚད་ཡོད་ཀུང་སི་སོགས་ཁེ་ལས ༡༢ ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཁེ་ལས་ཀྱིས་བསྡུས་པའི་ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མ་དང་འབྲིང་རིམ་ལས་རིགས་སློབ་ཐོན་སློབ་མ། ངལ་ནུས་ལྷག་མ་བཅས་ཚུད་ཡོད་པ་རེད། གཞན་ཡང་ཆབ་མདོ་གྲོང་ཁྱེར་གྱིས་ཁེ་ལས་ཀྱིས་བསྡུས་པའི་ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་ལས་ཞུགས་ཀྱི་ཞིབ་ཕྲིའི་ཁ་གསབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དང་ཚད་གཞི་གཏན་འབེབས་ཁ་གསལ་བྱས་ཡོད་པ་རེད།

    དུས་ཡུན་རིང་པོའི་ནང་ཆབ་མདོར་བཅའ་སྡོད་ཁེ་ལས་ཁག་གིས་ཁྲོམ་རའི་དཔལ་འབྱོར་གྱི་གཙོ་རྐང་ནུས་པ་འདོན་སྤེལ་བྱས་ཏེ་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱས་པ་དང་ས་ཆ་དེ་ཁའི་མི་སྣ་ལས་ཞུགས་ཐུབ་པ་བྱས་ཡོད། ད་ལོའི་ཚུན་དུ་ཁེ་ལས་ཁག་གིས་མི ༦༣༩ ལས་ཞུགས་ཐུབ་པ་བྱས་པའི་ནང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ ༥༤༢ དང་སློབ་ཆེན་སློབ་ཐོན་སློབ་མ ༣༥  འབྲིམ་རིམ་ལས་རིགས་སློབ་ཐོན་སློབ་མ ༦༢ བཅས་ཡོད་པ་དང་། ཁེ་ལས་ཁག་གིས་ཆབ་མདོ་གྲོང་ཁྱེར་གྱི་ལས་ཞུགས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཡོང་རྒྱུར་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།