
དབུལ་ཕོངས་དུད་ཚང་ལ་གཅིག་སེམས་གཅིག་འབྲེལ་གྱི་འབྲེལ་གཏུག་གཱ་སྤྱོད་སྟངས་འགྲེལ་བཤད་རྒྱག་བཞིན་པ།
ཉེ་དུས། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཤ་གསོས་ཤང་ལས་བྱེད་པས་ཤང་དེའི་གཉེན་འབྲེལ་རོགས་སྐྱོར་ས་ཚིགས་འཇུ་གྲོང་ཚོ་ཙུའུ་དང་པོར་གཉེན་འབྲེལ་རོགས་སྐྱོར་གྱི་འཚམ་འདྲིའི་བྱེད་སྒོ་སྤེལ་བ་རེད། ཤེས་རྟོགས་བྱས་པར་གཞིགས་ན། ཤང་དེར་ལས་བྱེད་པས་གཉེན་སྦྲེལ་རོགས་སྐྱོར་བྱས་པའི་དུད་ཚང་ ༢༡ ལ་འབྲས་དང་བྲོ་ཞིབ་སྤྲད་པ་མ་ཟད། དུད་ཚང་རེར་འཚམ་འདྲིའི་དངུལ་སྒོར ༥༠༠ སྤྲད་པ་དང་། ད་དུང་དབུལ་ཕོངས་དུད་ཚང་གི་ནང་མིའི་གནས་ཚུལ་དང་དཔལ་འབྱོར་ཡོང་ཁུངས། རྨོ་ཞིང་ཐོན་ཚད་དང་དེ་མིན་ད་ལྟའི་དཀའ་ངལ་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། དབུལ་ཕོངས་དུད་ཚང་གི་གཞི་རྩའི་གནས་ཚུལ་གཅིག་སེམས་གཅིག་འབྲེལ་གྱི་འབྲེལ་གཏུག་གཱ་ཐོག་ཐོ་བཀོད་བྱས་ཏེ། གོམ་སྟབས་རྗེས་མའི་རོགས་སྐྱོར་ལས་ཀར་གཞི་འཛིན་ས་ཞིག་མཁོ་འདོན་བྱེད་རྒྱུ་རེད།