
ཉེ་བའི་ལོ་ཤས་ནང་། རང་ལྗོངས་ཀྱིས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཐོན་ལས་རིམ་སྤོར་དང་སྒྱུར་བཀོད་ཐད་རྒྱུན་ཆད་མེད་པར་རོགས་སྐྱོར་བྱས་པས། ཁྱད་ལྡན་ཐོན་ལས་འབོར་ཆེན་ཞིག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་མ་ཟད། ཁྱད་ལྡན་ལས་སྣོན་ལས་རིགས་འཕེལ་རྒྱས་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་རམ་འདེགས་ནུས་ལྡན་བྱུང་ཞིང་། འདི་ནི་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་དར་རྒྱས་སྲོལ་རྒྱུན་གྱོན་ཆས་ཞིང་འབྲོག་པའི་མཉམ་ལས་ཁང་གི་ཞིང་པས་སྣམ་བུ་ལས་སྣོན་བྱེད་པའི་གནས་ཚུལ་ཡིན་པ།