ཕྱུག་འགྱུར་སྣེ་ཁྲིད་པ་བཟང་པོ།
འདི་ནི་ཚེ་རིང་གཡང་འཛོམས་དང་མག་པས་མཉམ་ལས་ཁང་གི་སྒྲིག་ཆས་ལ་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།
འདི་ནི་ཚེ་རིང་གཡང་འཛོམས་དང་ནང་མི་མཉམ་དུ་བརྒྱབ་པའི་པར་ཡིན་པ།
ཆུ་ཤུར་རྫོང་མཉེས་ཐང་ཤང་བདེ་སྐྱིད་གྲོང་ཚོའི་ཚེ་རིང་གཡང་འཛོམས་ཀྱིས་རྟག་ཏུ་སློབ་མ་དབུལ་པོར་སློབ་ཡོན་གྲབས་གསོག་དང་། སློབ་མ་རིན་མེད་ངང་བསུ་སྐྱེལ། མི་ཧྲེང་རྒན་རྒོན་ལ་རོགས་རམ་སོགས་བྱེད་ཀྱི་ཡོད་པར་བརྟེན། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པའི“སྔོན་ཐོན་མི་སྒེར”གྱི་མཚན་སྙན་ཐེངས་མང་རག་མྱོང་ཡོད། 2013ལོར་ཁོང་གིས་སྒོར་ཁྲི་30ལྷག་ཙམ་བཏང་བ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་ནས་མ་དངུལ་སྒོར་ཁྲི་40ལྷག་ཙམ་གྲབས་གསོག་བྱས་ཏེ། ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་དུད་ཚང་དབུལ་པོ་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུའི་སྣེ་ཁྲིད་བྱས་པ་རེད།