དབུ་ཤོག>ཞིང་འབྲོག་གསར་པ།
  • དབུལ་སྐྱོར་གནས་སྤོས་བྱས་པའི་གསུམ་ཡོད་གྲོང་ཚོའི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-10-09

    11.jpg

    གསུམ་ཡོད་གྲོང་ཚོའི་རྣམ་པ།

    22.jpg

    བུ་བཅོལ་ཁང་།

    33.jpg

    གྲོང་ཚོ་ཨུ་ཡོན་ལྷན་ཁང་།

          ཆུ་ཤུར་རྫོང་མེ་འཁོར་འབབ་ཚུགས་སུ་ཡོད་པའི་ཁང་པ་དང་ཐོན་ལས། བདེ་ཐང་གསུམ་ག་ཡོད་པའི་གསུམ་ཡོད་གྲོང་ཚོ་ནི།  དབུལ་སྐྱོར་གནས་སྤོས་བྱས་པའི་གྲོང་ཚོ་གསར་པ་ཞིག་ཡིན།  སྤྱི་ལོ ༢༠༡༦ ལོར་གསུམ་ཡོད་གྲོང་ཚོ་ནང་དབུལ་ཕོངས་དུད་ཚང་ ༡༨༤ དང་མི་གྲངས ༧༡༢ གནས་སྤོས་བཀོད་སྒྲིག་བྱས་ཡོད།  དེ་ཡང་གསུམ་ཡོད་གྲོང་ཚོའི་གནས་སྤོས་ས་ཚིགས་ནི་གཅིག་གྱུར་འཆར་འགོད་དབང་དུ་གྲོང་རྡལ་དང་གྲོང་གསེབ་གཅིག་གྱུར།  སྡེ་ཁུལ་གསར་པ་དང་གྲོང་རྡལ་གསར་པ་འཛུགས་སྐྲུན་བྱེད་པའི་རེ་བ་དང་བསྟུན་ནས་ཐོན་ཁུངས་སྙོམས་སྒྲིག་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།  ཆུ་དང་གློག  ལམ་དང་འཕྲིན་གཏོང་།  གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་བུ་བཅོལ་ཁང་།  ཚོང་ཁང་།  གློག་ཤིང་ནུས་པ་ལྔ་ལྡན་སོགས་སྤྱི་པའི་སྒྲིག་ཆས་རྟ་སྒ་ཆ་སྒྲིག་བྱས་ཡོད།  དེ་བཞིན་གནས་སྤོས་ཐུབ་པ་དང་བསྡད་ཚུགས་པ།  ཕྱུག་འགྱུར་ཐུབ་པའི་ལས་ཀའི་རེ་བ་ལྟར་ཐོན་ལས་རོགས་སྐྱོར་ཤུགས་ཆེན་སྤེལ་ནས་བོད་བྱ་དང་བ་ཕྱུགས་གསོ་ཚགས།  སྨན་རྩྭ་དང་ཟན་རྩྭ་འདེབས་འཛུགས་སོགས་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ནས།  དབུལ་སྐྱོར་གནས་སྤོས་དུད་ཚང་མི་རེར་ལོ་རེའི་དངུལ་སྨར་ཡོང་འབབ་སྒོར ༣༥༢༨ ལྷག་ཙམ་ཟིན་པས།  དབུལ་ཕོངས་དུད་ཚང་དབུལ་སྒྲོལ་ཐུབ་ནས་ཡོང་འབབ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་ཕྱུག་འགྱུར་ལམ་བུ་ཞིག་ཏུ་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།