དབུ་ཤོག>ཞིང་འབྲོག་གསར་པ།
  • ​ ཏང་གི་དམངས་བདེ་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-07

    ཉེ་དུས། རྒྱ་མཚོ་སྡེ་ཁུལ་ལས་དོན་རུ་ཁག(ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭས་མངགས)གིས་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་སྔར་བས་དྲིལ་བསྒྲགས་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱས་ནས་སྡེ་ཁུལ་གྱི་གྲོང་མི་མང་ཚོགས་ཀྱིས་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་རབ་དང་རིམ་པར་ཤེས་རྟོགས་བྱེད་པ་དང་། རྒྱུས་མངའ་ལོན་པ། ལོངས་སུ་སྤྱོད་པ་བཅས་བྱ་ཆེད། 《བོད་རང་སྐྱོང་ལྗོངས་ཀྱི་ཞིང་འབྲོག་པའི་ནོར་སྲིད་ཁ་གསབ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་པའི་གསལ་ཤེས་གཱ》500པར་སློག་བརྒྱབ་སྟེ་གྲོང་མི་མང་ཚོགས་སྡེ་ཁུལ་དུ་བྱ་བ་སྒྲུབ་པར་ཡོང་བ་དང་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་སོགས་ཀྱི་གོ་སྐབས་སྤྱད་དེ་རྒྱ་ཆེའི་གྲོང་མི་མང་ཚོགས་ལ་སྤྲད་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། ལས་དོན་རུ་ཁག་གིས《གསལ་ཤེས་གཱ》གྲོང་མི་མང་ཚོགས་ལ་སྤྲད་པ་མ་ཟད། ད་དུང་གྲོང་མི་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ནང་དོན་དང་ཧ་མི་གོ་བའི་གནས་ལ་ངང་རྒྱུད་རིང་པོས་འགྲེལ་བཤད་རྒྱག་གི་ཡོད།

    རྒྱ་མཚོ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལེའོ་ཁྲེང་དབྱིན་གྱིས། ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན་ལས་འགན་ཁག་བདུན་ལ་དམ་པོར་དམིགས་ནས་གྲོང་ཚོར་བཅའ་སྡོད་ལས་དོན་སྤེལ་ཞིང་། “ཏང་གི་དམངས་བདེ་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་དང་དོན་འཁྱོལ་བྱ་རྒྱུ་ནི་རྨང་བརྟན་དམངས་ཕན་དང་དམངས་འཚོ་ལེགས་གཏོང་ལས་དོན་གྱི་ལས་འགན་ཆེན་པོ་བདུན་གྱི་གྲས་ཤིག་ཡིན། དེ་གྲོང་མི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་དམ་ཟབ་ཡོད་པས། རུ་མི་ཡོངས་ཀྱིས་ལས་འགན་དེར་ཚད་མཐོའི་མཐོང་ཆེན་བྱེད་དགོས” “ང་ཚོས་བེད་སྤྱོད་ཐུབ་པའི་གོ་སྐབས་མཐའ་དག་སྤྱད་དེ་གྲོང་མི་མང་ཚོགས་ཚོར་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས། ཁོང་ཚོས་ཏང་གི་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ཤེས་རྟོགས་ཐུབ་པ་དང་དམངས་བདེ་དམངས་ཕན་གྱི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱས་ཁར། སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་དངོས་འབྲེལ་སྐྲུན་དགོས”ཞེས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།