དབུ་ཤོག>ཞིང་འབྲོག་གསར་པ།
  • སྦུག་མོ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ལས་དོན་རུ་ཁག་གིས་རྨང་བརྟན་དམངས་ཕན་ལས་དོན་ལ་སེམས་ནུས་ཡོད་རྒུ་བཏོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-07
          2015ལོའི་ཟླ་12པ་ནས་བཟུང་། གཉའ་ལམ་རྫོང་སྦུག་མོ་གྲོང་ཚོར་བཅའ་སྡོད་བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་ལས་དོན་རུ་ཁག་ཁག་དགུ་པས། “5+3”གྱི་ལས་འགན་ལ་དམ་པོར་དམིགས་ནས་ལས་དོན་སྤེལ་བ་ཕུད། ད་དུང་སྦུག་མོ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་དམངས་ཀྱི་གནས་ཚུལ་ཡིག་ཚགས་ཞིབ་ཕྲ་བཟོས་པ་དང་། ཡིག་འབྲུ་ཁྲི་5ཟིན་པའི་བརྟག་ཞིབ་སྙན་ཞུ་དང་ཡིག་འབྲུ་ཁྲི་16ཟིན་པའི་གྲོང་ཚོར་བཅའ་སྡོད་ཉིན་ཐོ་བྲིས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ། དུད་ཚང་དབུལ་པོའི་གཞི་རྩའི་ཡིག་ཚགས་བཟོས་ནས“མཐིལ་ཁ་གསལ་རྟོགས་པ”བྱས་པ་དང་། རོགས་སྐྱོར་འཆར་གཞི་བཟོས་ནས“ཐབས་ཇུས་ཁ་གསལ”ཡོད་པ་བྱས་པ། དབུལ་སྒྲོལ་མ་ཐུབ་ཚེ་འབྲེལ་བ་མི་ཆད་པའི་གཉིས་ལྡན་དུད་སྦྲེལ་མི་སྣ་གཏན་འཁེལ་བྱས་ནས“འགན་འཁྲི་ཁ་གསལ”ཡོད་པ་བྱས་པ། དབུལ་སྒྲོལ་དུས་ཚད་ཁ་གསལ་རེའུ་མིག་བཟོས་ནས“ལས་འགན་ཁ་གསལ”ཡོད་པ་བཅས་བྱས་པ་རེད། དེ་དང་ཆབས་ཅིག སྦུག་མོ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་དམངས་ཀྱི་གནས་ཚུལ་ཡིག་ཚགས་འཆར་འགོད་བྱས་ནས་བཟོས་པའི་ནང་ཁྱིམ་བདག་གི་གནས་ཚུལ་དང་། ཁྱིམ་ཚང་གི་རྒྱུ་ནོར་གནས་ཚུལ། ནང་མིའི་གནས་ཚུལ། དབུལ་པོར་འགྱུར་རྐྱེན། རོགས་སྐྱོར་བྱ་ཐབས། གཉིས་ལྡན་དུད་སྦྲེལ་ལས་བྱེད་པ། དབུལ་སྒྲོལ་འཆར་གཞི་སོགས་ཡོད་པས། “དུད་ཚང་གཅིག་ལ་བྱ་ཐབས་གཅིག”མངོན་འགྱུར་ཐུབ་ཡོད། གྲངས་གཞི་གནད་སྨིན་ཡོང་རྒྱུ་འགན་ལེན་བྱ་ཆེད། ལས་དོན་རུ་མིས་ཟླ་བ་གཅིག་ནང་སྦུག་མོ་གྲོང་ཚོའི་དུད་ཚང་44ལ་ཞིབ་བསྡུར་བྱེད་པར་ཐེངས་6བསྐྱོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།