དབུ་ཤོག>ཞིང་འབྲོག་གསར་པ།
  • སྒར་རྫོང་གིས་གནད་སྨིན་དབུལ་སྐྱོར་ལ་ཤུགས་བརྒྱབ་ནས་ཕན་འབྲས་ཐོན་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  索朗多拉   |     སྤེལ་དུས།  2016-10-03

    འདི་ལོ་ཤར་ཚུན། སྒར་རྫོང་གིས་གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱ་ཐབས་དམིགས་སར་འབྱོར་བ་བྱས་ནས་འདི་ལོ་དུད་ཚང་91གི་མི་297དབུལ་སྒྲོལ་ཡོང་བ་བྱ་རྒྱུ་ཡིན་པ་རེད།

    ཐོན་ལས་དབུལ་སྐྱོར་བྱེད་སྐབས་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ཀྱི་ཡོད་ཅིང་། རྫོང་ནོར་སྲིད་ཀྱི་ལྷན་སྦྱར་དབུལ་སྐྱོར་མ་དངུལ་གང་ལེགས་སྤྱད་དེ་ཞིང་འབྲོག་པའི་ཆེད་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བྱ་དགའ་དང་ཁ་གསབ་ཀྱི་ལམ་སྲོལ་བཙུགས་ཏེ་འཕེལ་རྒྱས་འགྲོ་མགྱོགས་པ་དང་དཔལ་འབྱོར་གྱི་དངོས་ཤུགས་ཆེ་ཙམ་ལྡན་པར་བྱ་དགའ་འོས་འཚམ་སྤྲོད་པ་དང་། འཕེལ་རྒྱས་ཀྱི་བསམ་ཕྱོགས་ཡག་པོ་ཡོད་ཀྱང་དཔལ་འབྱོར་གྱི་དངོས་ཤུགས་ཞན་པར་འདེགས་སྐྱོར་བྱས་ནས་ཁ་གསབ་འོས་འཚམ་སྤྲོད་ཀྱི་ཡོད་པ་རེད།

    ཡུལ་གཞན་དུ་གནས་སྤོ་དབུལ་སྐྱོར་བྱེད་སྐབས་མང་ཚོགས་ཀྱི་རང་མོས་དང་། གཞི་ཁྱོན་འོས་འཚམ། རིམ་བཞིན་བཀོད་སྒྲིག་བཅས་ཀྱི་རྩ་དོན་གཞིར་བཟུང་མི་འབོར་དབུལ་པོ་རྣམས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གནམ་གཤིས་ཀྱི་ཆ་རྐྱེན་ལེགས་པའི་སར་གནས་སྤོ་བྱ་རྒྱུར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱེད་ཀྱི་ཡོད་ཅིང་། དེ་དང་ཕྱོགས་མཚུངས་རྨང་གཞིའི་སྒྲིག་བཀོད་ལྷན་སྦྱར་དང་རྒྱབ་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་དབུལ་པོ་སྤོ་ཐུབ་པ་དང་། སེམས་ཆཌ་ཐུབ་པ། ཡོང་འབབ་ཡོད་པ། ཕྱུག་པོ་ཆགས་པ་བཅས་བྱེད་ཀྱི་ཡོད་པ་རེད།

    ལས་ཞུགས་དབུལ་སྐྱོར་བྱེད་སྐབས“མི་གཅིག་གསོ་སྦྱོང་བྱེད་པ་དང་། མི་གཅིག་ལས་ཞུགས་ཐུབ་པ། དུད་ཚང་གཅིག་དབུལ་སྒྲོལ་ཡོང་བ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ཏན་ཏིག་ཡོང་བ་བྱེད་ཀྱི་ཡོད་ཅིང་། ཞིབ་ཕྲའི་ལས་དོན་ཁྲོད་རིགས་ཁག་གི་གསོ་སྦྱོང་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཁྲོམ་རས་ཁྲིད་སྟོན་དང་ལས་ཞུགས་ཕྱོགས་སྟོན་དུ་བྱས་ཏེ་མངཌ་ཐོའི་གསོ་སྦྱོང་དང་། མཉམ་ཞུཌ་གསོ་སྦྱོང་། གནས་གཏན་འཁེལ་གྱི་གསོ་སྦྱོང་། དགེ་རྒན་གྱིས་དགེ་ཕྲུག་ལ་སློབ་པ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་གོ་ཆོད་པའི་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།