སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྤུས་དག་འགྲེམས་ཁང་ཚེས་17ཉིན་དངོས་སུ་སྒོ་བརྒྱབ་པ་རེད། སྒོ་ཕྱེ་རིང“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ཞིང་འབྲོག་ཐོན་རྫས་སྣ་ཚོགས་ལ་རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཐོབ་ཡོད། འགྲེམས་ཁང་ནང་ལྟ་སྐོར་དང་དངོས་ཟོག་ཉོ་མཁན་མི་ཐེངས་ཁྲི་8.02ཟིན་པ་དང་། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་28.85ཟིན་པ། ཐོན་རྫས་ཀྱི་མངག་ཐོའི་དངུལ་འབོར་སྒོར་ཁྲི་62.3ཙམ་ཟིན་པ་བཅས་རེད།
འདི་ལོ་བོད་ཀྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྤུས་དག་འགྲེམས་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་320ཟིན་པ་དང་ཁྱད་ལྡན་ཤིང་ཏོག་དང་། ཤིང་ཏོག་སྐམ་པོ་དང་སོས་པ་དང་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས། ཞིང་འབྲོག་ཐོན་རྫས་དང་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས། ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་སོགས་ཀྱི་འགྲེམས་གནས་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་བོད་ཀྱི་གྲགས་ཅན་ཇའི་བྲོ་བ་ལྟ་བ་དང་སྤུས་ལེགས་ཞིང་འབྲོག་ཐོན་རྫས་དང་དེའི་ལས་སྣོན་ཐོན་རྫས་ཀྱི་བྲོ་བ་ལྟ་ཁུལ་ཡང་བཀོད་སྒྲིག་བྱས་ཡོད། འགྲེམས་སྟོན་ནང་ཞུགས་པའི་ཁེ་ལས་45(ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་གྱི་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང)ཟིན་པ་དང་འགྲེམས་སྟོན་ནང་ཞུགས་པའི་ཐོན་རྫས་སྣེ་ཁ་86ཟིན་ཞིང་། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་གསེར་གྱི་བྱ་དགའ་ཐོབ་པའི་ཚོང་རྟགས་གྲགས་ཅན་གྱི་ཐོན་རྫས་དང་དེ་བཞིན་ལྗང་མདོག་དང་། སྐྱེ་ལྡན། ས་ཁམས་མཚོན་རྟགས་སོགས་ཀྱི“གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་རང་ལྗོངས་ཀྱི་ཞིང་འབྲོག་ཐོན་རྫས་སྣ་ཚོགས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ནས་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཆུ་ཚད་མངོན་པར་བྱས་པ་རེད།