དབུ་ཤོག>ཞིང་འབྲོག་གསར་པ།
  • ​ འཕྱོངས་རྒྱས་རྫོང་གིས་ཞིང་པའི་དཔེ་དེབ་ཁང་གི་ནུས་པ་འདོན་སྤེལ་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-09-21

    འདི་ལོ་ཚུན་དུ། འཕྱོངས་རྒྱས་རྫོང་གིས་ཐབས་མང་མཉམ་སྤྱོད་ངང་ཞིང་པའི་དཔེ་དེབ་ཁང་དོ་དམ་དང་བེད་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་ཞིང་པའི་དཔེ་དེབ་ཁང་དང་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་དང་བསམ་པའི་རིག་གནས་འཛུགས་སྐྱོང་སོགས་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་པའི་དཔེ་དེབ་ཁང་གི་ནུས་པ་འདོན་སྤེལ་ཐུབ་པ་བྱས་ཡོད་པ་རེད།

    རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ། དུས་ཐོག་ཏུ་ཞིང་པའི་དཔེ་དེབ་ཁང་གི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཞིང་པའི་དཔེ་དེབ་ཁང་གི་དོ་དམ་མི་སྣ་བཀོད་སྒྲིག་བྱས་ནས་རྣམ་པ་མང་བའི་དཔེ་ཀློག་བྱེད་སྒོ་སྤེལ་ཡོད་པ་རེད། དེ་དང་དུས་མཚུངས་དཔེ་དེབ་ཁང་གི་སྒོ་ཕྱེ་བའི་དུས་ཚོད་འགན་ལེན་དང་གྲོང་མིའི་དཔེ་ཀློག་དགོས་མཁོ་འགན་ལེན་བྱས་ཤིང་། གྲོང་མིས་བལྟ་འདོད་པའི་དཔེ་དེབ་རིགས་ཉོ་རོགས་ཧུར་ཐག་བྱས་ཏེ་དཔེ་དེབ་ཀྱི་དམིགས་སའི་རང་བཞིན་དང་ཉེར་སྤྱོད་རང་བཞིན་མཐོ་རུ་ཧུར་ཐག་བཏང་ཡོད་པ་རེད།

    རྣམ་པ་ཟབ་མོ་བཏོད་པ། ཞིང་པའི་དཔེ་དེབ་ཁང་གི་དྲིལ་བསྒྲགས་ལས་དོན་ཡག་པོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ“དཔེ་དེབ་ཀློག་རྒྱུར་དགའ་བ་དང་། དཔེ་དེབ་ལེགས་གྲས་ཀློག་པ། དཔེ་དེབ་ཀློག་རྒྱུར་མཁས་པ”བཅས་ཀྱི་རྣམ་པ་ཟབ་མོ་བསྐྲུན་ནས་གྲོང་མིས་ཚན་རྩལ་ཤེས་བྱར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་ཚན་རྩལ་ཤེས་བྱར་བརྟེན་ནས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ལ་མཛུབ་ཁྲིད་དང་རང་ངོས་བྱང་ཚད་མཐོ་རུ་གཏོང་བའི་གལ་ཆེན་རང་བཞིན་གསལ་ཤེས་ཐུབ་པ་བྱས་ཡོད་པ་རེད།

    འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ། ཞིང་པའི་དཔེ་དེབ་ཁང་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་དོ་དམ་ལ་ཆད་ལུས་མེད་པ་བྱས་པ་དང་དཔེ་དེབ་གཡར་རིགས་ཕྱིར་སྤྲོད་ཐུབ་པ་དང་བེད་སྤྱོད་ནུས་ཆེ་ཡོང་བའི་འགན་ལེན་བྱེད་པ་དང་། སྒྲིག་སྲོལ་ལམ་ལུགས་ཁག་འཚོལ་ཞིབ་དང་། འཛུགས་པ། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཞིང་པའི་དཔེ་དེབ་ཁང་གི་དཔེ་གཡར་ལམ་ལུགས་དང་དཔེ་དེབ་དོ་དམ་པའི་འགན་འཁྲིའི་ལམ་ལུགས་རིམ་བཞིན་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད།

    གོམ་སྟབས་རྗེས་མར་འཕྱོངས་རྒྱས་རྫོང་གིས་ཞིང་པའི་དཔེ་དེབ་ཁང་གཞི་རྟེན་དུ་བྱས་ནས་དཔེ་ཀློག་གི་རྣམ་པ་གསར་གཏོད་དང་དཔེ་ཀློག་གི་ཕན་ནུས་ལ་དོ་སྣང་བྱས་ཏེ་གྲོང་མིས་རིག་གནས་ཤེས་བྱ་དང་། ཚན་རིག་ལག་རྩལ། ཁྲིམས་ལུགས་ཁྲིམས་སྲོལ་བཅས་ཟམ་མི་ཆད་པར་སློབ་སྦྱོང་ཐུབ་པ་བྱེད་པ་དང་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།