དབུ་ཤོག>ཞིང་འབྲོག་གསར་པ།
  • ས་མཐོའི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གནད་སྨིན་དབུལ་སྐྱོར་ལ་རོགས་འདེགས་བྱས་པ།

  • ཡོང་ཁུངས།  ​ མི་དམངས་དྲ་བ།   |     རྩོམ་པ་པོ།  罗布玉珍   |     སྤེལ་དུས།  2016-09-19

    114.jpg

    མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཧྲེང་ཤང་ཧེ་ལོ་མི་རིགས་ཐོན་ཟོག་གསར་སྤེལ་ཚད་ཡོད་ཀུང་སི་ནི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་དང་བོད་སྤོས་ཐོན་སྐྱེད་གཙོ་བོར་བྱེད་པའི་ས་གནས་དེ་རང་གི་ཁེ་ལས་ཤིག་རེད། ཉེ་བའི་ལོ་ཤས་རིང་ཀུང་སིས་ས་གནས་དེ་གའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། ས་གནས་དེ་གའི་ཞིང་འབྲོག་པའི་སྣེ་ཁྲིད་དེ་བོད་སྤོས་དང་། བོད་ཀྱི་དྲི་ཞིམ་ཆུ། དེ་བཞིན་ཐང་ག་སོགས་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ལས་སྣོན་དང་ཐོན་སྐྱེད་བྱས་པ་མ་ཟད། ད་དུང་རང་ལྗོངས་ཀྱི་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལམ་བུ་ཡང་རྒྱ་ཆེར་བཏང་ཡོད་པ་རེད། འདི་ནི་བཟོ་པས་འཁོར་ཁང་ནང་རྒྱ་སེ་མེ་ཏོག་གི་དྲི་ཞིམ་ཆུ་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།