
རླངས་འཁོར་སྦྱོང་བརྡར་འཛིན་གྲྭའི་སློབ་མས་སློབ་གཞི་ཁག་དང་པོ་སྦྱོང་བཞིན་པ།
མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་ཏང་ཨུད་སྒྲིག་འཛུགས་པུའི་ཁག་ལྔ་པའི་ལས་དོན་རུ་ཁག་སླེབས་ཚུན། གནད་འཕིགས་དབུལ་སྐྱོར་བྱེད་རྒྱུ་ལོ་ཧྲིལ་པོའི་ལས་ཀ་གཙོ་བོར་བཞག་ནས་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་འདེད་ཧུར་ཐག་བཏང་ཡོད། ལས་དོན་རུ་ཁག་གིས་ཤང་ཏང་ཨུད་དང་སྲིད་གཞུང་། དེ་བཞིན་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་དང་དབུལ་ཕོངས་མང་ཚོགས་བཅས་ཀྱི་བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག ལས་དོན་རུ་ཁག་གིས་ལག་ཤེས་དབུལ་སྐྱོར་གཞི་འཛིན་སར་བྱས་ཏེ་འབྲེལ་ཡོད་ཚན་པར་མཐུན་སྦྱོར་ཧུར་ཐག་བྱས་པ་དང་སྦྱོང་བརྡར་འགྲོ་གྲོན་སྒོར་ཁྲི ༢༡ བརྩོན་ལེན་ཐུབ་ཏེ། ཆེད་མངག་ཞིང་འབྲོག་པར་རླངས་འཁོར་སྦྱོང་བརྡར་འཛིན་གྲྭ་ཐེངས་གཅིག་གཉེར་བ་རེད།