དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཚེ་སྨད་གྲོང་ལྷན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྤྱད་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་ལ་བརྟག་དཔྱད་ཞིབ་བཤེར་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་གྱི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། འགོ་ཁྲིད་ལས་བྱེད་པའི་འགན་གཙང་འགན་འཁྲི་དང་ཆ་སྒྲིག་རོགས་སྐྱོར་གྱི་ལས་དོན་ཏན་ཏིག་ངང་སྤེལ་བ། དུད་ཚང་དབུལ་པོར་ཐབས་ཤེས་གཏོང་རོགས་དང་བསམ་བློ་གཏོང་རོགས་བྱེད་པ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཐུན་མོང་ཐོག་ཡངས་པོར་གཏོད་རོགས་བྱས་པ་རེད།

འདི་ནི་ཚེ་སྨད་གྲོང་ལྷན་གྱི་ལས་བྱེད་པ་དང་གྲོང་མིས་མཉམ་དུ་བོད་བྱའི་སྒོ་ང་ཐུམ་སྒྲིལ་རྒྱག་པའི་གནས་ཚུལ་ཡིན་པ།