དབུ་ཤོག>ཞིང་འབྲོག་གསར་པ།
  • ​ ལེགས་ཆར་གཞི་ཚུགས་ནས་ཐོན་ལས་དབུལ་སྐྱོར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-26

    འདི་ལོ་ཚུན་དུ། གྲོ་མོ་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་དབུལ་སྐྱོར་གསར་སྤེལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མ་དངུལ་གྱི་སྟོབས་ཤུགས་གཅིག་སྡུད་དང་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་བཏང་བ་རེད།

    ཤེས་རྟོགས་བྱས་པར་གཞིགས་ན། རྫོང་དེས་ཁྱད་ལྡན་གྱི་ཞིང་འབྲོག་ལས་དང་། ཡུལ་སྐོར་ལས་རིགས། མཐའ་མཚམས་ཚོང་ལས་བཅས་ལ་དམིགས་ནས་གཅིག་སྡུད་ཐོག་གམ་པའི་ལུག་དང་། ཕག་རིའི་འབྲི་གཡག་གསོ་འཕེལ། མཐའ་མཚམས་ཡུལ་སྐོར། ཆུ་ཚན་དུ་ལུས་གསོ་སྨན་བཅོས། སྤུས་ལེགས་ཀྱི་སྔོ་ཚལ་ཐོན་སྐྱེད། མཐའ་མཚམས་ཚོང་དོན། དཔལ་འབྱོར་ནགས་ཚལ། ལྷད་མེད་བཟའ་བཅའ་ལས་སྣོན་གླིང་སོགས་རྫོང་རིམ་པའི་ཐོན་ལས་རྟེན་གཞི་10བསྐྲུན་ནས“རྟེན་གཞི་དང་ཁེ་ལས(ཀུང་སི་དང་མཐུན་ཚོགས)མཉམ་ལས་ཁང་དང་ཞིང་དུད”བཅས་ཀྱི་གཉེར་སྐྱོང་བྱ་ཐབས་ལག་བསྟར་བྱས་པར་བརྟེན་ཁྱད་ཆོས་གཅིག་མངོན་པ་དང་། རྟེན་གཞི་གཅིག་འཛུགས་པ། ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།