དབུ་ཤོག>ཞིང་འབྲོག་གསར་པ།
  • ཏང་འཛུགས་ལས་ཀས་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལ་སྐུལ་སྤེལ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།    |     སྤེལ་དུས།  2016-08-25

    11.jpg

    ལྷོ་བྲག་རྫོང་ཚེ་སྨད་སྡེ་ཁུལ་གྲོང་ལྷན་གྱི་ལས་བྱེད་པ་དང་གྲོང་མིས་མཉམ་དུ་བོད་བྱའི་སྒོ་ང་ཐུམ་སྒྲིལ་རྒྱག་བཞིན་པ།

    དབུལ་སྐྱོར་འགག་སྒྲོལ་ལས་ཀ་ཕྱོགས་ཡོངས་ནས་སྤེལ་ཚུན། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཚེ་སྨད་སྡེ་ཁུལ་གྲོང་ལྷན་གྱིས་དབུལ་སྐྱོར་འགག་སྒྲོལ་ལ་ཐོབ་པའི་གྲུབ་འབྲས་ཀྱིས་ཏང་འཛུགས་ལས་ཀའི་ཕན་ནུས་ཐོན་མིན་ལ་ཞིབ་བཤེར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྔོན་ཐོན་དཔེ་སྟོན་ནུས་པ་གང་ལེགས་འདོན་སྤེལ་བྱས་ཡོད་ལ། དབུ་ཁྲིད་ལས་བྱེད་པས་འགན་གཙང་ལེན་པ་དང་གཉེན་སྦྲེལ་གྲོགས་སྒྲིག་ལས་ཀ་བརྟན་པོར་སྤེལ་བ། དབུལ་ཕོངས་དུད་ཚང་ལ་ཐབས་འདོན་ཇུས་འགོད་བྱེད་རོགས་བྱེད་པ་སོགས། ཏང་འཛུགས་ལས་ཀར་ཤུགས་སྣོན་བརྒྱབ་པར་བརྒྱུད་དབུལ་སྐྱོར་འགག་སྒྲོལ་ལས་དོན་ལ་སྐུལ་སྤེལ་བཏང་སྟེ་ཐུན་མོང་དུ་ཕྱུག་འགྱུར་ཡོང་བའི་ལམ་བུ་རྒྱ་བསྐྱེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།