
ཉེ་བའི་ལོའི་ནང་། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་རོགས་སྐྱོར་འོག་རྣམ་རྒྱལ་གྱིས་མ་འཇོག་སྒོར་ཁྲི་བརྒྱ་མ་ཟིན་ཙམ་བཏང་ནས། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཞིང་འབྲོག་པའི་ལག་ཤེས་མཉམ་ལས་ཁང་བཙུགས་པ་མ་ཟད། ནུས་ཤུགས་ཡོད་རྒུས་དབུལ་ཕུངས་དུད་ཚང་གི་དབུལ་ཞྭ་ཕུད་རོགས་བྱས་པས། ད་ཆ་མཉམ་ལས་ཁང་དེའི་ནང་ལས་ཀ་བྱེད་བཞིན་པའི་དབུལ་ཕུངས་དུད་ཚང་ལ་མི་རེར་ཟླ་རེར་གླ་ཆ་སྒོར ༤༥༠༠ ལེན་རྒྱུ་ཡོད།