
གྲོང་ཚོར་བཅས་སྡོད་ལས་དོན་རུ་ཁག་གི་རུ་མི་བདེ་གཡང་གིས་སྟབས་བདེའི་ཞབས་ཞུའི་སྒེའུ་ཁུང་ནས་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་པ།
ཏང་གི་མང་ཚོགས་ལམ་ཕྱོགས་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་དང་མང་ཚོགས་ཀྱི་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་ཏན་ཏིག་སྒྲུབ་ཆེད། རང་ལྗོངས་ཀྱི་སྔོན་ཐོན་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་གྱི་བཅའ་སྡོད་བྱེད་སྒོའི་འཕྱོངས་རྒྱས་རྫོང་སྦས་སྣ་གྲོང་ཚོའི་ལས་དོན་རུ་ཁག་གིས་གྲོང་ཚོ་རིམ་པའི་གཞུང་དོན་ལས་སྒྲུབ་ས་གནས་ཕུན་སུམ་ཇེ་ཚོགས་བཏང་ནས་དམངས་བདེའི་ཞབས་ཞུའི་སྒེ་ཁུང་བཙུགས་ཏེ། སྲིད་ཇུས་བློ་འདྲི་དང་རྩོད་གཞི་ཐག་གཅོད། སྣེ་ཁྲིད་ཞབས་ཞུ། དབུལ་ཕོངས་རོགས་སྐྱོར་སོགས་ལྷན་གཅིག་ཏུ་ཕྱོགས་བསྡུས་ཀྱི་སྟབས་བདེའི་ཞབས་ཞུ་སྟེགས་བུ་གཉེར་ནས། མང་ཚོགས་ལ་མྱུར་འཕྲལ་སྒྲུབ་དགོས་པར་མྱུར་འཕྲལ་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ངན་སེལ་དགོས་པར་དཀའ་ངན་སེལ་རོགས་བཅས་བྱས་ནས་མང་ཚོགས་ཀྱིས་བསྔགས་བརྗོད་བཟང་པོ་ཐོབ་བཞིན་ཡོད་པ་རེད།