དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-04

    ཟླ་8ཚེས་1ཉིན་གྱི་ཕྱི་དྲོ། ཆབ་མདོ་གྲོང་ཁྱེར་གྱིས་རྒྱུན་ལས་ཚོགས་འདུ་འཚོགས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་ཆེད་དོན་ཞིབ་འཇུག་དང་འབྲེལ། གྲོང་ཁྱེར་ཡོངས་ཀྱི་གོམ་སྟབས་རྗེས་མའི་གནད་སྨིན་དབུལ་སྒྲོལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ནོར་བུ་དོན་གྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ནོར་བུ་དོན་གྲུབ་ཀྱིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུས་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་གཅིག་སྡུད་སློབ་སྦྱོང་བྱས་ཏེ། སྲིད་ཇུས་ལ་གོ་བ་མི་འཛོལ་བར་གསལ་པོ་ཤེས་པའི་ཁར། སྲིད་ཇུས་བེད་སྤྱོད་ཡག་པོ་དང་། དོན་དངོས་ཐོག་སྤྱོད་པ། ཚན་རིག་དང་མཐུན་པ། ཤེས་ནས་སྤྱོད་པ་བཅས་བྱེད་དགོས་པ་དང་། གོ་སྐབས་དམ་འཛིན་གྱིས་སྤུས་ཚད་དང་ཕན་ནུས་གཉིས་དོན་གཉེར་བྱས་ཁར། འགན་འཁྲི་འཁུར་ཕོད་པ་དང་། གསར་གཏོད་ལས་གཏོད་ཕོད་པ། ཏན་ཏན་ཏིག་ཏིག་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས། ཁ་ཕྱོགས་གནད་ལ་འཕིགས་པ་དང་། ཆ་སྙོམས་རིང་ལུགས་མི་འཛིན་པའི་ཁར། གཞུང་དྲང་མཐའ་འཁྱོངས་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། “གནད་སྨིན་དྲུག”དང“ཁག་གཅིག་རེ་ལྔའི”བླང་བྱ་མཐའ་འཁྱོངས་ཀྱི་སྔོན་འགྲོའི་འོག ལེགས་ཆའི་ཐོན་ཁུངས་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་ཆོས་ཉིད་ལ་སྲུང་བརྩི་ཞུས་ཏེ་འཆར་གཞི་སྔོན་ལ་འགོད་རྒྱུ་མགྱོགས་སུ་བཏང་སྟེ་མི་རིགས་མང་པོ་ཕན་ཚུན་མཉམ་འབྲེལ་མཉམ་འདྲེས་ཀྱི་དགོས་མཁོ་དང་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་དགོས་མཁོ་སྐོང་དགོས། ཕྱོགས་ཁག་སྤྱི་འདོམས་དང་། སྐྱོན་སྤང་དགེ་སྤེལ་གྱིས་རྩ་བར་གྱུར་པའི་དམངས་འཚོ་མངོན་གསལ་དོད་པོས་འཕེལ་རྒྱས་གཏོང་དགོས། བླང་བྱ“རེ་བ་བཅུ་གཉིས”གཞིར་བཟུང་། ཡུལ་གཞན་ལ་གནས་སྤོས་དབུལ་སྐྱོར་བྱེད་ཤུགས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་ནས་ལེགས་ཆའི་ཁྱད་ཆོས་བཙལ་ཏེ་ཐོན་ལས་དབུལ་སྐྱོར་ཤུགས་ཆེན་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས། སློབ་གསོ་འཕེལ་རྒྱས་བཏང་ནས་ལེ་ལག་གཅིག་སྡུད་དང་ལེགས་བརྟེན་ལེགས་ཁྲིད་ཀྱིས“གཉིས་འཕྲི་གཉིས་ལེགས”དང་། སྨན་བཅོས་འཕྲོད་བསྟེན་ཐད“མི་ཐོན་པ་ལྔ་དང་། གསུམ་འཕྲི་གཉིས་སྤོར”བྱེད་དགོས། ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་ཕན་ཡོད་ཐབས་ཤེས་འཚོལ་བ་དང་སྤྱི་འདོམས་གསར་སྤེལ་འཛུགས་སྐྲུན་བྱེད་དགོས། དངུལ་རྩའི་སྲིད་ཇུས་སྤྱོད་མཁས་ཀྱིས་གནད་སྨིན་བུན་གཏོང་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།