དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་རོང་རྫོང་གིས་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་བའི་ཐབས་ལམ་གཏོད་པ།

  • ཡོང་ཁུངས།  ​ བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-08-03

    1.jpg

    ལྷོ་རོང་རྫོང་གི་ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སིའི་ལས་མིས་ཟོག་སྒྲོམ་ཐོག་གི་ཚོང་ཟོག་སྒྲིག་བཞིན་པ།

    གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་ལས་དོན་ཕྱོགས་ཡོངས་ནས་འགོ་བཙུགས་ཚུན།  ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་ནས་དབུལ་པོ་ཁག་ཅིག་དབུལ་འགྲོལ་ཡོང་བའི་དམིགས་ཚད་ལ་དམ་པོར་དམིགས་ཏེ།  ལྷོ་རྫོང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཀུང་སི་དེ་ཉིད་སྣེ་འཁྲིད་ཁེ་ལས་བྱེད་པའི་རྨང་གཞི་ཐོག་མ་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཁེ་ལས་ཀྱི་སྤྱི་ཡོངས་ནུས་པ་མཐོ་རུ་བཏང་བ་དང་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་བཏང་ནས།  ལྷོ་རོང་རྫོང་གི་གཞི་ཁྱོན་ཆེ་བའི་ཞིང་ལས་འདེབས་འཛུགས་དང་།  ཞིང་ལས་ཐོན་རྫས་ཐོན་ལས་ཅན་གྱི་ཚོང་གཉེར་བྱེད་པ།  ཐོན་ལས་ཀྱི་ལྷུ་ལག་སྣུར་བསྲིང་ཡོང་བ་དང་འབྲེལ་ཡོད་ཐོན་ལས་དབར་འབྲེལ་མཐུད་མཉམ་འདྲེས་ཡོང་བར་སྐུལ་འདེད་ཤུགས་ཆེན་ཐེབས་ནས།  མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་བསྐྱེད་དང་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མཐོ་རུ་གཏོང་བའི་ཐད་དཔེ་སྟོན་སྣེ་འཁྲིད་ནུས་པ་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།