
ལྗོངས་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཅུང་ཞན་ཙམ་ཡོད་རུང་ཁྱད་ལྡན་ཐོན་ལས་ཁག་གཅིག་འཕེལ་རྒྱས་མྱུར་པོ་བྱུང་ནས་བཟའ་བཅའ་ལས་སྣོན་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་ལྡབ་4འཕར་བ་དང་། ཞིང་ཞོར་བཟའ་བཅའ་ལས་སྣོན་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་69%འཕར་བ། སྨན་རྫས་བཟོ་བའི་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་32%འཕར་ཞིང་། འདི་ནི་ལྷ་སའི་ནས་ཀྱི་བཟའ་བཅའ་ལས་སྣོན་ཀུང་སིའི་ཐོན་སྐྱེད་འཁོར་ཁང་ཞིག་ནང་བཟོ་པ་ཚོས་ཐོན་རྫས་ཐུམ་རྒྱག་པའི་གནས་ཚུལ་ཡིན་པ།