དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷག་ཚང་ཤང་གིས་ཐབས་བརྒྱ་ཇུས་སྟོང་ངང་དབུལ་སྐྱོར་ལས་དོན་ཏན་ཏིག་སྤེལ་བ།

  • ཡོང་ཁུངས།  བོད་ལྗོངས་འཕྲིན་དྲ།   |     སྤེལ་དུས།  2016-07-26

    1.jpg

    2.jpg

    འོད་ཟེར་གྱིས་ཞིང་འཕྲུལ་ཉམས་བཟོ་བྱེད་བཞིན་པ།

    ལྷག་ཚང་ཤང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ས་དགའ་རྫོང་གི་མཐའ་མཚམས་འབྲོག་ལས་གཙོ་བོར་བྱེད་པའི་ཤང་གི་གྲས་ཤིག་ཡིན།  ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨིད ༤༦༧༠ཡོད་པ་དང་།  ཤང་དེས་དབུལ་པོའི་དུད་ཁྱིམ ༧༨ཀྱི་མི་གྲངས ༢༡༧གྱི་གནས་ཚུལ་མི་འདྲ་བར་གཞིགས་ནས།  ཐབས་བརྒྱ་ཇུས་སྟོང་གིས་དབུལ་པོའི་ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱེད་བཞིན་ཡོད།

    ཤང་ཏང་ཨུད་དང་སྲིད་གཞུང་གི་རོགས་རམ་འོག་མཇུག་དཀར་གྲོང་ཚོའི་འོད་ཟེར་གྱིས་ཞིང་འཕྲུལ་ཉམས་བཟོ་ཁང་ཞིག་བཙུགས་པ་དང་།  ན་ནིང་འོད་ཟེར་གྱི་ཁྱིམ་ཚང་མི་བཞི་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི ༣ ལྷག་བྱུང་ཡོད་པ་དང་།  ད་ཆ་འོད་ཟེར་ལགས་ཤང་དེའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་སྣེ་འཁྲིད་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།