
ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཤུགས་ཇེ་ཆེར་འགྲོ་བ་དང་ལས་གཏོད་ཀྱི་ཚ་རླབས་རྒྱུན་ཆད་མེད་པར་མཐོ་རུ་་ཕྱིན་པ་དང་ཆབས་ཅིག ཁྲོམ་རའི་གསོན་ཤུགས་མངོན་གསལ་དོད་པོས་འཕེལ་བ་དང་། ལས་གཏོད་ལ་སྐུལ་འདེད་དང་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཚ་རླབས་འཕྱུར་ནས་ལས་ཞུགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཐུབ་ཡོད། མིག་སྔའི་བར་ལྗོངས་ཡོངས་ཀྱི་ཁྲོམ་རའི་བྱེད་པོའི་དུད་ཚང་ཁྲི་17.01ཡོད་པར་ཐོ་བཀོད་མ་རྩ་སྒོར་དུང་ཕྱུར་5278.85ཟིན་པ་དེ་དུས་མཚུངས་དང་བསྡུར་ན་36.48%དང་47.9%འཕར་ཡོད་པ་རེད།འདི་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་བཟོ་ལས་གླིང་ནང་གི་སྒང་བདེ་ཕྱི་ཕྱོགས་ཚོང་དོན་ཚད་ཡོད་ཀུང་སིའི་ལས་བཟོས་སྤོས་འཐུམ་རྒྱག་བཞིན་ཡོད་པ།