དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱིས་དངུལ་བུན་སྒོར་དུང་ཕྱུར་230གཡར་ནས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ཐད་སྤྱད་པ། 

  • ཡོང་ཁུངས།  ​      མི་དམངས་དྲ་བ།   |     སྤེལ་དུས།  2016-07-15

    མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་12ཉིན་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་གཏའ་འཇོག་ཁ་གསབ་ཀྱི་དངུལ་བུན་གཡར་བའི་གན་རྒྱ་བཞག་པ་དང་དུས་ཐེངས་དང་པོའི་གཏའ་འཇོག་ཁ་གསབ་དངུལ་བུན་སྒོར་དུང་ཕྱུར་230ཟིན་པ་དེ་བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་ནང་སྤྱད་པར་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཡོད། དེ་ནི་འདི་ལོའི་ཟླ་3པར་བོད་ཀྱིས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་དང་གཞི་ཁྱོན་བསྡོམས་སྒོར་དུང་ཕྱུར་2000ཟིན་པའི་གཏའ་འཇོག་ཁ་གསབ་དངུལ་བུན་གཡར་རྒྱུའི་གྲོས་མོལ་བཞག་རྗེས་ཕྱོགས་གཉིས་པོའི་དབར་དངུལ་རྩའི་མཉམ་ལས་བྱས་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད།

    བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ད་ཕན་ལོ་ཤས་རིང་བོད་ཀྱིས་དངུལ་རྩའི་སྐུལ་སྤེལ་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་ཏེ་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་དངུལ་རྩའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པར་2015ལོའི་ལོ་མཇུག་ཏུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་2000ལས་ཚད་བརྒལ་བྱུང་ཐོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་ཤུགས་ཆེན་བྱས་ཡོད། ད་ཐེངས་གཏའ་འཇོག་ཁ་གསབ་དངུལ་བུན་གཡར་བའི་གན་རྒྱ་བཞག་པ་དེས་བོད་ཀྱི་གྲོང་གསེབ་ཀྱི་གཞུང་ལམ་དྲ་རྒྱ་ཅན་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་ཞིང་འབྲོག་ཁུལ་གྱི་དབུལ་སྐྱོར་འགག་སྒྲོལ་ལ་འདེགས་སྐྱོར་ཐུབ་ཐོག་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུ་རེད་ཅེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།