དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་གནད་སྨིན་དབུལ་སྐྱོར་གྱི“རིན་ཆེན་ནོར་བུ”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-07-10

    “མི་ཚེ་འདིའི་ནང་ད་དུང་ཁང་པ་ཡག་པོ་འདི་འདྲར་སྡོད་རྒྱུ་བྱུང་བ་སེམས་ནང་འཁོར་མྱོང་མེད”ཅེས་འདི་ལོའི་ཟླ་ལྔ་པར“གནད་སྨིན་དབུལ་སྐྱོར”གྱི་སྲིད་ཇུས་ནང་གི་སྡོད་ཁང་རང་སར་སྒྱུར་བཀོད་བྱེད་པའི་རྣམ་གྲངས་ཀྱི་ཕན་འབྲས་ཐོབ་ནས་ལོ་སུམ་ཅུའི་རིང་ས་ཕག་ཁང་པའི་ནང་སྡོད་མཁན་བོད་ལྗོངས་གོང་དཀར་རྫོང་འབོད་སྣང་གྲོང་ཚོའི་ཞིང་པ་རྒྱ་མཚོ་ས་ཆ་དེ་རང་དུ་བསྐྲུན་པའི་ཨར་འདམ་ལྕགས་རྩིབས་མའི་ཁང་པ་གསར་པའི་ནང་སྤོས་ཤིང་། “གནད་སྨིན་དབུལ་སྐྱོར”གྱི་སྐོར་གླེང་སྐབས་བགྲེས་སོང་གིས་དགའ་ཚོར་ཆེན་པོའི་ངང“རིན་ཆེན་ནོར་བུ་རེད། རིན་ཆེན་ནོར་བུ་རེད”ཅེས་བཤད་བྱུང་།

    རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དུད་ཚང་དབུལ་པོ་གཏན་འཁེལ་བྱེད་པའི་ཐད་གོ་རིམ་ནན་པོ་ཡོད་པ་སྟེ། རེ་ཞུ་གཅིག(རང་ངོ་མ)དང་། དཔྱད་མོལ་གཅིག(གྲོང་ཚོ) ཞིབ་བསྡུར་གཉིས(གྲོང་ཚོ་དང་ཤང) ཡོངས་བསྒྲགས་གསུམ(གྲོང་ཚོ་དང་། ཤང་། རྫོང)བཅས་ཡོད་པ་དང་། ཤང་གྲོང་ཁག་ལ་ཆ་སྒྲིག་རོགས་སྐྱོར་ཟིན་འགོད་དེབ་ཡོད་པ་དང་། དེའི་ནང་དབུལ་པོའི་ཆ་འཕྲིན་དང་རོགས་སྐྱོར་བརྒྱུད་རིམ་ཞིབ་ཕྲ་བཀོད་ཡོད་པ་རེད།

    གནད་སྨིན་ཐབས་ཇུས་ལག་ལེན་བསྟར་བའི་ཐད་མི་མི་འདྲ་བར་བྱེད་སྟངས་མི་འདྲ་བ་རེ་འཛིན་ཞིང་། བོད་ཀྱིས་རིགས་དབྱེའི་དབུལ་སྐྱོར་བྱ་ཐབས་ལག་ལེན་བསྟར་ནས་ཡུལ་དེ་ག་ནས་མི་འཚོ་གནས་མི་ཐུབ་པའི་ཁུལ་ཁག་གཅིག་གི་མི་ཡུལ་གཞན་དུ་གནས་སྤོ་བྱས་པ་དང་། ངལ་རྩོལ་རྩལ་ནུས་མི་འདང་བའི་ཁུལ་དུ་རྩལ་ནུས་གསོ་སྦྱོང་དང་གཞན་སྒྱུར་ལས་ཞུགས་ཐུབ་པ་བྱས་པ། ངལ་རྩོལ་ནུས་ཤུགས་ཤོར་བའི་ཁུལ་དུ་མཐིལ་འདེགས་ཀྱི་འགན་ལེན་སྲིད་ཇུས་ལག་ལེན་བསྟར་ཡོད་པ་རེད།

    གནད་སྨིན་དབུལ་སྐྱོར་གྱིས་ཐོན་ལས་འཕེལ་རྒྱས་ཡོང་བ་བྱས་ཤིང་། སྔོན་ཆད་མི་རྣམས་ཀྱིས་ཟ་རྒྱུར་དེ་ཙམ་དགའ་པོ་མི་བྱེད་པའི“ནས་སྨུག”དེ་དེང་སྐབས་ལྷུན་རྩེ་རྫོང་དཔལ་འབྱོར་གླིང་གྲོང་ཚོའི་ཞིང་པ་རྣམས་ཕྱུག་འགྱུར་གྱི“ནོར་བུ”ལྟ་བུ་ཞིག་ཏུ་གྱུར་པ་དང་། འཇོ་མདའ་རྫོང་སྤོ་ལོ་ཤང་གི་ཞིང་འབྲོག་པའི་ལག་ཤེས་བཟོ་ལས་མཉམ་ལས་ཁང་གིས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་གཉེར་སྐྱོང་བྱས་པས་ཉེ་འཁོར་གྱི་ན་གཞོན་བཅུ་ཕྲག་ཁ་ཤས་ལ་ཟླ་རེར་ཡོང་འབབ་སྒོར་5000རག་ཡོད་པ་རེད།

    “ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་ཡོད་པས་ང་ཚོས་མཉམ་དུ་འབད་བརྩོན་གྱིས་ཚན་རིག་དང་མཐུན་པའི་ངང་ཐབས་ཇུས་ལག་ལེན་བསྟར་ཚེ་2020ལོར་སླེབས་སྐབས་དུས་བཀག་བཞིན་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་གྲུབ་ཐུབ་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་ངེས་ཡིན”ཞེས་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བ་གཙོ་བོས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།